ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་བདེ་ཆེན་ཁུལ་གྱི་བདམས་ཐོན་གླུ་བ་བློ་བཟང་ཉི་མ་ཡུན་ནན་ཞིང་ཆེན་གྱི་གླུ་བ་བཅུའི་ནང་ཚུད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་5པའི་ཚེས་19ཉིན་གྱི་དགོང་མོར།  2019ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཡུན་ནན་ཞིང་ཆེན་འགྲན་བསྡུར་ཁུལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཧྲི་ལིན་དུ་མཇུག་རྫོགས་པ་རེད།  བདེ་ཆེན་གྱི་བདམས་ཐོན་པ་བློ་བཟང་ཉི་མ་ཡུན་ནན་ཞིང་ཆེན་འགྲན་བསྡུར་ཁུལ་གྱི་གླུ་བ་བཅུའི་ནང་ཚུད་པ་རེད།

བློ་བཟང་ཉི་མ་ནི་བདེ་ཆེན་ཁུལ་འཇོལ་རྫོང་བྲག་ཞབས་ཤང་ནས་ཡོང་བ་ཡིན་ལ།  ཁོང་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཡོད་པ་མ་ཟད་རོལ་དབྱངས་ལ་དགའ་ཞེན་ཆེན་པོ་ཡོད།  ལོ་མང་པོའི་ནང་དུ།  ཁོས་སློབ་སྦྱོང་ཀྱི་ཚུལ་གྱིས་ཆང་ཁང་སོགས་སུ་གླུ་དབྱངས་བླངས་ནས་རོལ་དབྱངས་ཀྱི་ཕུགས་འདུན་སྐྲུན་པའི་ལམ་བུར་སྐྱོད་ཡོད་པ་རེད།

གླེང་རིན་ཡོད་པ་ཞིག་ནི། བློ་བཟང་ཉི་མ་2019ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཡུན་ནན་འགྲན་བསྡུར་ཁུལ་དུ་ཞུགས་ནས་ཆེད་ལས་སྐར་གྲངས་94.34ཡི་གྲུབ་འབྲས་ཀྱིས་འགྲན་ཞུགས་པ་100ལས་དྲག་རྩལ་པ་20ཡི་ནང་ཚུད་པ་དང་།  ཁོའི་གླུ་སྐད་སྙན་མོ་ལ་དཔྱད་འདེམས་པ་དང་ལྟད་མོ་བའི་དགའ་ཞེན་ཆེན་པོ་ཐོབ་ཡོད་པ་རེད།

2019ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཡུན་ནན་འགྲན་བསྡུར་ཁུལ་གྱི་འགྲན་བསྡུར་ནི་ད་ལོའི་ཟླ་1པོའི་ཚེས་10ཉིན་འགོ་བཙུགས་པ་ནས་བཟུང་།  ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16གི་རྫོང་དང་གྲོང་ཁྱེར་100ལྷག་ཏུ་འགྲན་བསྡུར་སྤེལ་བ་དང་།  བསྡོམས་བརྩི་བྱས་པ་ལྟར་ན་མི་ཁྲི་3ལྷག་གིས་མིང་ཐོ་བཀོད་ཡོད་དེ་མཐར་ཡུན་ནན་ཞིང་ཆེན་གྱི་འགྲན་ཞུགས་གླུ་བ་20བདམས་པ་དང་།  འགྲན་རྒྱལ་གླུ་པ་5ཀྲེ་ཅང་བརྙན་འཕྲིན་ཁང་དུ་རྒྱལ་ཡོངས་ཀྱི་འགྲན་བསྡུར་དུ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།