ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབང་བོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་དབང་བོ་སྐྱོན་ཅན་གྱི་རིག་གནས་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་སུ་བཏང་། རིགས་མི་འདྲ་བའི་དབང་བོ་སྐྱོན་ཅན་གྱི་ཁྱད་ཆོས་ལ་དམིགས་ཏེ། ཁྱད་གཤིས་ཅན་གྱི་རིག་གནས་ལུས་རྩལ་ཞབས་ཞུ་སྤེལ། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབང་བོ་སྐྱོན་ཅན་ནི་སྤྱི་པའི་རིག་གནས་ལུས་རྩལ་ཞབས་ཞུ་མི་ཚོགས་གཙོ་བོའི་གྲས་སུ་བརྩིས་ནས། དབང་བོ་སྐྱོན་ཅན་ལ་འཚམ་པའི་སྤྱི་པའི་རིག་གནས་དང་རྩལ་སྦྱོང་སོགས་ཀྱི་ཞབས་ཞུའི་ནང་དོན་དང་བྱེད་སྒོའི་རྣམ་གྲངས་མཁོ་འདོན་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་རིག་གནས་གཟའ་འཁོར་དང་དབང་བོ་སྐྱོན་ཅན་གྱི་དཔེ་ཀློག་ཁྱབ་གདལ་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་ལ། དབང་བོ་སྐྱོན་ཅན་གྱི་དམིགས་བསལ་སྒྱུ་རྩལ་རྣམ་གྲངས་སྔོག་འདོན་དང་སྲུང་སྐྱོང་བྱས། དམིགས་བསལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་བསྣན་ཏེ་དམིགས་བསལ་གྱི་སྒྱུ་རྩལ་གསར་རྩོམ་འཁྲབ་སྟོན་ལ་རོགས་སྐྱོར་བྱས་ཤིང་། དབང་བོ་སྐྱོན་ཅན་གྱི་རིག་གནས་སྒྱུ་རྩལ་སྤུས་རྟགས་སྐྱེད་སྲིང་བྱས། དབང་བོ་སྐྱོན་ཅན་གྱི་ལུས་རྩལ་སྦྱོང་བའི་ཞབས་ཞུ་དང་མཛུབ་ཁྲིད་ལ་སྔར་བས་ཤུགས་བསྣན་པ་དང་། དབང་པོ་སྐྱོན་ཅན་གྱི་ཁམས་གསོའི་ལུས་རྩལ་དང་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་བར་སྐུལ་འདེད་བཏང་། དབང་བོར་སྐྱོན་ཤོར་བའི་རིགས་དང་རིམ་པ་མི་འདྲ་བར་འཚམ་པའི་དབང་བོ་སྐྱོན་ཅན་གྱིས་སྤྱོད་པའི་ལུས་རྩལ་ཡོ་བྱད་ཆུང་གྲས་ཁྱབ་གདལ་དུ་བཏང་སྟེ། དབང་བོ་སྐྱོན་ཅན་གྱི་ལུས་རྩལ་སྡེ་ཁུལ་དང་སློབ་གྲྭ  ཁྱིམ་ཚང་བཅས་སུ་སྤེལ་བར་སྐུལ་འདེད་བཏང་། དུའི་མཚུངས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་དང་སློབ་གསེང་ལུས་རྩལ་སྦྱོང་བརྡར་ལ་ཤུགས་བསྣན་ནས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་པའི་དཔུང་ཁག་གསོ་སྐྱོང་དང་དོ་དམ། སློབ་གསོ། འགན་སྲུང་གིས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་ནུས་ཚད་ཇེ་མཐོར་བཏང་། 

ཧུར་ཐག་གིས་དབང་བོ་སྐྱོན་ཅན་གྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་རྩ་འཛུགས་བྱས་པར་བརྟེན། དབང་བོ་སྐྱོན་ཅན་གྱི་གཟུགས་གཞི་བདེ་ཐང་དུ་བཏང་སྟེ། དབང་བོ་སྐྱོན་ཅན་གྱི་བསམ་པའི་དཔལ་ཡོན་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།