ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་སྨན་བཅོས་འགན་སྲུང་བྱ་གཞག་ལ་འཕེལ་རྒྱས་གསར་བ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། 2018ལོར། བདེ་ཆེན་ཁུལ་གྱི་སྨན་བཅོས་འགན་སྲུང་བྱ་གཞག་ལ་འཕེལ་རྒྱས་གསར་བ་བྱུང་ནས་མང་ཚོགས་དེ་བས་མང་བོར་ཕན་པ་ཐོབ་ཡོད།

ཀྲུང་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བྱས་པ། བདེ་ཆེན་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། 2017ལོར་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་སྒྲིལ་བྱས་རྗེས་བདེ་ཆེན་ཁུལ་གྱིས《བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཐད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་དང་། རིམ་པ་ཁག་གི་སྨན་བཅོས་སྒྲིག་གཞིའི་ཁྲོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་དུ་ཞག་སྡོད་དང་སྒོ་བསྟེན་སྨན་ཁང་དུ་འགྲོ་སོང་རྩིས་ཞུའི་བསྡུར་ཚད10%མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། མིག་སྔར། བདེ་ཆེན་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་རྣམ་གྲངས་རིགས169ཆོག་མཆན་ཐོབ་པ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ཡོད། 

ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཞབས་འདེགས་ཞུས་པ། 2018ལོར། བདེ་ཆེན་ཁུལ་གྱིས་གཏན་འཁེལ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་གྲངས73998ཡོད་ཅིང་། དེའི་ཁྲོད་མི63412དབུལ་ཐར་བྱུང་བ་དང་མི10586དབུལ་ཐར་བྱུང་མེད་པ་ཚང་མ་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ནང་གསལ་བོར་གཏན་འཁེལ་བྱས་རྗེས་ཁུལ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ100%འགན་བཅོལ་ནང་ཞུགས་པ་མངོན་འགྱུར་བྱུང་ཡོད། མིག་སྔའི་ཚུན་དུ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་གཅོང་ནད་རིགས28ཀྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད87%སླེབས་པ་དང་། སྨན་ཁང་དུ་ཞག་སྡོད་བྱེད་པ་དག་ཀྱང་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཆེན་འགན་བཅོལ་ལ་བརྟེན་ནས་འགྲོ་སོང་རྩིས་ཞུའི་བསྡུར་ཚད72.14%ཟིན་ཡོད་ལ། རིགས9ཡི་ནད་ཆེན15གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཆེན་འགན་བཅོལ་ལ་བརྟེན་ནས་འགྲོ་སོང་རྩིས་ཞུ་བྱེད་ཚད70%ཡན་ཟིན་པ་དང་། སྨན་བཅོས་རོགས་སྐྱོབ་དང་མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱས་རྗེས་འགྲོ་སོང་རྩིས་ཞུ་བྱས་པའི་བསྡུར་ཚད90%ཟིན་ཡོད་དེ། རྫོང་(གྲོང་ཁྱེར)ཁག་གིས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས་བསྡུ་སྤྲོད་ལས་དོན་ལེགས་པོར་སྒྲུབ་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གིས་འགན་བཅོལ་ནང་ཞུགས་པའི་བསྡུ་སྤྲོད་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ནས100%འགན་བཅོལ་ནང་ཞུགས་པ་མངོན་འགྱུར་བྱུང་ཡོད། 

མགོ་སྐོར་གཡོ་འཕྲུལ་གྱི་འགན་བཅོལ་ལ་རྡུང་རྡེག་གཏིང་ཟབ་བཏང་བ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་མགོ་སྐོར་གཡོ་འཕྲུལ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་གྱི་བཀོད་སྒྲིག་ལྟར། བདེ་ཆེན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་མགོ་སྐོར་གཡོ་འཕྲུལ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་ཧུར་ཐག་གིས་སྤེལ་ནས་ཁུལ་ཡོངས་ཀྱི་ས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི14སོགས་སུ་ཡུལ་དངོས་ཞིབ་བཤེར་བྱས་བ་དང་། དེའི་ཁྲོད་མིང་རྫུས་ནས་སྨན་ཁང་དུ་སྡོད་པ་བཅས་ཀྱི་སྒྲིག་འགལ་བྱ་སྤྱོད་མང་པོར་རྩད་ཆོད་བྱུང་ནས་སྨན་བཅོས་སྒྲིག་གཞི་ཁག་ལ་ཆད་པ་བཅད་པ་བརྒྱུད་མགོ་སྐོར་གཡོ་འཕྲུལ་གྱི་འགན་བཅོལ་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་དང་། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་མོ་བྱེད་རྒྱུའི་གཟུགས་བརྙན་གཏོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།