ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་གྲུབ་འབྲས་ཐོན་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་དང་ཡུལ་སྐོར་ལས་དོན་ཚོགས་འདུ་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག2019ལོའི་གཙོ་གནད་ལས་ཀའི་ལས་འགན་དང་གཙོ་གནད་སྐུལ་འདེད་གཏོང་དགོས་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་བཀོད་སྒྲིག་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་དོན་མི་སྣས་མཐུན་སྒྲིལ་ལ་གཙིགས་ཆེན་དང་། སྤྱི་ཡོངས་ལ་གཙིགས་ཆེན་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལས་དོན་ལ་རོགས་འདེགས་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

ཚོགས་འདུའི་ཐོག་2019ལོར་བདེ་ཆེན་ཁུལ་གྱིས《“ཡུལ་སྐོར་གསར་བརྗེའི”ལས་གྲྭ་ཆེ་གྲས་དགུ་ཡི་ལག་བསྟར་ཇུས་གཞི》ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་མ་ཟད། བདེ་ཆེན་ཁུལ་དེ་རྒྱལ་སྤྱིའི་མཐོ་སྒང་གི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་དམིགས་འབེན་དང་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་མཛེས་ཤོས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཡུལ་སྐོར་རྣམ་པ་རིམ་སྤོར་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས། བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། ཡུལ་སྐོར་བྱ་ཡུལ་གསར་དུ་བཏོད་རྒྱུ་དང་ཡུལ་སྐོར་ཐོན་རྫས་རྣམ་པ་སྒྱུར་བཅོས་བྱ་རྒྱུ། ཡུལ་སྐོར་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་སུ་གཏོང་རྒྱུ། ཡུལ་སྐོར་དོ་དམ་ཞབས་ཞུ་རིམ་སྤོར་བྱ་རྒྱུ། ཡུལ་སྐོར་རིག་གནས་ཅན་འཛུགས་སྐྲུན་བྱ་རྒྱུ་བཅས་ཕྱོགས་ལྔའི་ཐད་ནས་འགོ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་སྤུས་རྟགས་ཀྱི་གཟུགས་བརྙན་ཇེ་བརྟན་དུ་གཏོང་དགོས་པར་བསྟན་ཡོད། 

ཚོགས་འདུའི་ཐོག2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་དང་བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་གཏང་བའི་གནད་འགག་གི་ལོ་ཞིག་ཡིན་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་ལོ་དང་པོ་ཡང་ཡིན། ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་བ་ཡོངས་ཀྱིས་ཡིད་ཆེས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་ཀྱི་ཐད་བླང་བྱ་བརྟན་པོ་དང་དུ་བླངས་ནས། དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྲོལ་བཟང་དར་སྤེལ་བཏང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་པ། བཀའ་ཐོས་འཕྲལ་ལག་ཏུ་བསྟར་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྔར་བས་སྤྲོ་སེམས་འཕེལ་བ་དང་སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། སྔར་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་རིག་གནས་ཀྱི་བདེ་ཆེན་དང་མཛེས་སྡུག་གི་བདེ་ཆེན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་གི་བློས་བསླངས་ཏེ། ཕུལ་བྱུང་གི་འབྲས་བཟང་གིས་ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་བསུ་བ་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། 

ཚོགས་འདུའི་ཐོག་བདེ་ཆེན་ཁུལ་སྒྲིག་ཨུས་མངགས་གཏོང་བྱས་པའི་ཁུལ་དམངས་ཆེན་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་དང་འབྲེལ་ཚོགས་ཞུགས་མི་སྣ་དང་ཐུན་མོང་ཐོག་སྲིད་གཙང་གླེང་མོལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།