ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་ཐབས་ནན་པོ་སྤྱད་དེ་ནག་སེལ་གཤེད་བཅོམ་ལ་འགག་སྒྲོལ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང20པ་ཡུན་ནན་དུ་བཅའ་སྡོད་བྱས་རྗེས། འཕྲལ་དུ་སྨྱན་སྦྱོར་གཙོ་བོ་དང་དྲ་ཚིགས་བརྒྱུད་ཐེར་འདོན་ཁ་པར་དང་ཡིག་སྒམ་སྤྱི་བསྒྲགས་བྱས་ཏེ་ཆེད་མངགས་ས་ཆ་དང་མི་སྣ་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁ་པར་དང་ཡིག་བསྐུར་གྱི་ཁུངས་སྣེ་ཐག་གཅོད་བྱེད་དུ་བཅུག་པས། དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་ཡོད་པ་དང་ཚང་མར་ཕན་འབྲས་ཐོན་པ་བྱས་ནས་ཡུན་ནན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ཚ་རླབས་གསར་པ་ཞིག་འཕྱུར་བར་སྐུལ་འདེད་བཏང་ཡོད་རེད།

གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ཁུངས་སྣེ་ཞིབ་བསྡུར་གཙོ་གནད་དུ་བྱེད་པ། གྱོད་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་བྱ་རྒྱུ་ལྟེ་བར་བྱེད་པ་བཅས་བྱས་ཤིང་། བཅའ་སྡོད་བྱས་པའི་ཐོག་མའི་དུས་སུ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་རིམ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་བློ་མཐུན་81ལ་སྐོང་འདྲི་བྱས་པ་དང་། དཔྱད་གཞི་བརྒྱ་ཙམ་ལྟ་ཀློག་བྱས་པ། གྱོད་གཞིའི་དཔྱད་གཞིའི་ཡིག་སྒྲིལ་1300ལྷག་ཙམ་ལྟ་ཀློག་བྱས་པ། ཞིང་ཆེན་ཐད་གཏོགས་ཚན་པ་25ལ་བསྐྱོད་དེ་འདྲི་རྩད་བྱས་པ། ཡིག་བསྐུར་དང་ཐེར་འདོན་ཁ་པར་ཁག་595བདག་སྤྲོད་བྱས་པ་དང་འབྲེལ་གཙོ་གནད་གྱོད་གཞིའི་སྙན་སེང་ཆེད་མངགས་ཉན་པ་རེད། མང་ཚོགས་ཀྱི་རེ་འབོད་གཞི་རིམ་དུ་ཡོད་ཅིང་། ནག་སེལ་གཤེད་བཅོམ་ནི་མི་དམངས་ཀྱི་དམག་འཁྲུག་ཅིག་ཡིན་པས་མང་ཚོགས་ཀྱི་སེམས་སྒྲ་ཉན་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་སར་ལན་སློག་པ། གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཟླ་4ཚེས་27ཉིན་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རེས་སྐོར་གཉིས་ལ་ཕྱེ་ནས་ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཡོངས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་རིམ་པའི་སྡེ་ཚན་གྱིས་སྣེ་ཁྲིད་དེ་གཉེར་རྒྱུའི་གྲོས་འགོ་བཏོན་པའི་རྒྱབ་རྩ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་4ལ་ཡུན་ནན་གྱིས་སྡེ་ཚན་ཁག་གི་ཧྲག་མི་འཕྲལ་དུ་འཐེན་ནས་ཞིང་ཆེན་རིམ་པའི་མཉམ་འབྲེལ་ཆེད་དོན་ཚོགས་ཆུང་བཙུགས་པ་དང་རིམ་སྤོར་གྱོད་གཞི་སྒྲུབ་གཉེར་དང་། ཡུལ་གཞན་དུ་ཉེན་རྟོག་པ་གཏོང་བ། མིང་སྦྱར་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྱོད་གཞིའི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐུང་ནང་ནག་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་གལ་ཆེན་ཁག་གཅིག་རྩད་གཅོད་ཧུར་ཐག་བྱས་པ་རེད།

ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཏོན་པའི་གནད་དོན་ལ་དམིགས་ཏེ་ནག་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཆེ་གྲས་ལ་གཞིགས་པ་དང་ནག་གཤེད་སྟོབས་ཤུགས་ཀྱི་རྒྱབ་རྩ་ཐར་པར་མི་གཏོང་བར། འགན་འཁྲི་བདའ་འདེད་ཀྱི་བྱ་ཐབས་ནན་པོ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས“རྒྱབ་རྩ་ཡོད་རིགས་ལ་རྡུང་རྡེག་གཏོང་བ་དང་། རྒྱབ་རྩ་མེད་རིགས་ལ་འགན་འཁྲི་རྩད་གཅོད་བྱེད་པ། རྒྱབ་རྩ་ཡོད་རིགས་ཀྱི་འགན་འཁྲི་དེ་བས་རྩད་ཆོད་བྱེད་པ”བཅས་བྱས་ཡོད། ལས་དོན་སྤེལ་རིང་། འགན་འཁྲི་དོན་འཁྱོལ་ཡག་པོ་མི་བྱེད་པ་དང་། ལག་བསྟར་ནུས་ལྡན་མི་བྱེད་པ། ལས་དོན་ལ་སྐུལ་འདེད་ནུས་ལྡན་མི་གཏོང་བ་སོགས་ཀྱི་གནད་དོན་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཡོད། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅའ་སྡོད་བྱས་ཚུན། ཡུན་ནན་གྱིས་མི107གྱི་འགན་འཁྲི་བདའ་འདེད་བཏང་བ་དང་། ཚན་པ་9ལ་ཡིག་ཐོག་གི་ཞིབ་བཤེར་འབྲི་རྒྱུའི་བཀའ་བཏང་བ། གཞི་རིམ་གྱི་ཏང་རྩ་འཛུགས2ལ་མིང་སྦྱར་བཅོས་སྒྲིག་དང་བརྡ་ཁྱབ་བཏང་ནས་འགན་འཁྲི་བདའ་འདེད་ཀྱི་ཐག་གཅོད་བྱས་པ་རེད།

ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བསྒྲུབ་རྒྱུར་བསྐྱལ་བའི་ཁུངས་སྣེར། ཡུན་ནན་གྱིས་ད་དུང་ཆེད་དོན་ཚོགས་ཆུང་གི་དུས་བཀག་སྒྲུབ་གཉེར་ལྟ་སྐུལ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བསྒྲུབ་རྒྱུར་བསྐྱལ་བའི་ཁུངས་སྣེ་ཞིབ་བསྡུར་ཐག་གཅོད་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ཟླ4ཚེས27ཉིན་བར་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལ་གཞོགས་འདེགས་བྱས་ཏེ་གྱོད་གཞིའི་དཔྱད་གཞིའི་ཡིག་སྒྲིལ1500ལྷག་ཙམ་དང་། འོད་སྡེར983 དཔྱད་གཞི509བཅས་ལྟ་བཤེར་བྱས་པ་དང་འབྲེལ་བསྒྲུབ་རྒྱུར་བསྐྱལ་བའི་བརྡ་ཐོ103དང་། སྒྲུབ་གཉེར་ལྟ་སྐུལ་བརྡ་ཐོ16 སྒྲུབ་རོགས་ཞུ་བའི་བརྡ་ཐོ71བསྐྱར་དུ་ཞིབ་བཤེར་བྱེད་པའི་བརྡ་ཐོ1བཅས་བཏང་བ། བསྒྲུབ་རྒྱུར་བསྐྱལ་བའི་ཁག་ཐེངས16གི་གནད་དོན་དང་། གྱོད་གཞི། ཁུངས་སྣེ་བཅས12659སྒྲུབ་གཉེར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།