ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགག་སྒྲོལ་ལ་དམིགས་པས་ན་ནིང་མི་ཁྲི73.75དབུལ་ཐར་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་འཕེལ་རྒྱས་གསར་པ་བྱུང་བས་ན་ནིང་ཡུན་ནན་གྱིས་ཤིན་ཏུ་དབུལ་བའི་རྫོང27ལ་ཞིང་ཆེན་རིམ་པ་ཡན་གྱི་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར76.15བཏང་བས་མི་ཁྲི73.75དབུལ་པོའི་གནས་ལས་གྲོལ་བ་རེད།

ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་རོགས་སྐྱོར་གྱི་ཐོན་ཁུངས་སྣ་ཚོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱོགས་ཁག་གི་སྟོབས་ཤུགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཅིག་སྡུད་བྱས་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད27གྱིས་ཤིན་ཏུ་དབུལ་བའི་རྫོང་འགན་གཙང་བླངས་པས། ཤིན་ཏུ་དབུལ་བའི་རྫོང་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་ལེན་ཐབས་ཁྱོན་ཡོངས་ལ་ཁྱབ་ཡོད། དེ་དང་ཆབས་ཅིག་ཡུན་ནན་གྱིས་དཀའ་ངལ་ཧ་ཅང་ཆེ་བའི་ས་ཁུལ་ལ་དམིགས་ནས་ད་ལོ་ཞིང་ཆེན་ཐད་གཏོགས་ཚན་པའི་ཁྲུའུ་རིམ་པའི་ལས་བྱེད་པ110དབུལ་པོ་ཐོན་ཚད་མང་ཤོས་ཀྱི་ནུའུ་ཅང་ཁུལ་དང་མི་འབོར་དབུལ་པོ་མང་ཤོས་ཀྱི་ཀྲེན་ཞུང་རྫོང་དུ་འགག་སྒྲོལ་བྱེད་པར་མངགས་པ་རེད།

བསྡོམས་རྩིས་ལ་གཞིགས་ན། ཡུན་ནན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི288.4དང་གཉེར་སྐྱོང་བྱེད་པོ་གསར་པའི་དབར་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བཙུགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི77.2ལ་ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་འོག་འབབ་འཕར་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།