ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་རྫོང་ཆགས་རི་སྒང་ནས་གནའ་མིའི་འགུལ་སྐྱོད་རྗེས་ཤུལ་ཞིག་རྙེད།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་མགོར་ཆགས་རི་སྒང་གི་གྲོང་མི་པ་སངས་ཚེ་རིང་གིས་ས་ཞིང་རྨོ་དུས་འགྱུར་རྡོ་ཞིག་རྙེད་པ་དང་། ཡང་གྲོང་མི་ཞོ་ལུའུ་ཡིས་རྡོ་ཆས་ལས་བཟོས་པའི་སྟ་རེ་ཞིག་རྙེད་པའི་གནས་ཚུལ་སོགས་ལ་དམིགས་ཏེ་2019ལོའི་ཟླ་4པའི་ཚེས་24ཉིན་ནས་ཚེས་26ཉིན་བར། བདེ་ཆེན་ཁུལ་རིག་དངོས་དོ་དམ་སུའོ་དང་། འཇོལ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  འཇོལ་རྫོང་རིག་དངོས་དོ་དམ་སུའོ་བཅས་ཆགས་རི་སྒང་གི་ཡུལ་དངོས་དུ་བསྐྱོད་ནས་དུས་ཡུན་ཉིན་གསུམ་རིང་གི་བརྟག་དཔྱད་བྱས་པ་བརྒྱུད། ཆགས་རི་སྒང་དུ་གནའ་མིའི་འགུལ་སྐྱོད་རྗེས་ཤུལ་ཞིག་ཡོད་པ་རྟོགས་ཡོད། དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གཤམ་གྱི་རྒྱ་ཡིག་ནང་དོན་ལས་གཟིགས་པར་འཚལ།  

                     ཆགས་རིང་སྒང་ཡུལ་ཚོའི་རྣམ་པ།

                     རྡོ་གཏུན་དང་ས་འཆིག་སོགས།

                     གནའ་མིའི་སོ།

                     འོབས་དོང་བརྐོ་བ།

                     རྡོ་ཆས་ཀྱིས་བཟོས་པའི་སྟ་རེ།

                     རྫ་དུམ།

བརྟག་དཔྱད་མི་སྣས་གཞི་གྲངས་སྤྱི་སྡོམ་བྱེད་པ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།