ཀྲུང་གོ་བོད་ཀྱི་དྲ་བ།

དཀར་མཛེས་ཁུལ་གྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལ་དུས་རིམ་ཅན་གྱི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་བདེ་ཆེན་ཁུལ་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ལས་ཀའི་གནས་ཚུལ་བརྡ་ཁྱབ་གཏོང་བ་རེད།

ཡུན་ནན་ཉིན་རེའི་ཚགས་པར་ཁང་བདེ་ཆེན་ཡན་ལག་ཁང་དང་ཡུན་ནན་དཔལ་འབྱོར་ཉིན་རེའི་ཚགས་པར་བདེ་ཆེན་གསར་འགོད་པའི་ས་ཚིགས། ཡུན་ནན་ཁྲིམས་ལུགས་ཚགས་པར་བདེ་ཆེན་གསར་འགོད་པའི་ས་ཚིགས། ཁམས་པའི་བརྙན་འཕྲིན་ཁང་བདེ་ཆེན་གསར་འགོད་པའི་ས་ཚིགས།བདེ་ཆེན་ཉིན་རེའི་ཚགས་པར་ཁང་། བདེ་ཆེན་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཉམ་འདྲེས་སྨྱན་བྱད་གསར་འགོད་པ་ཚོགས་འདུར་ཞུགས་པ།

ཚོགས་འདུའི་ཐོག་བདེ་ཆེན་ཁུལ་ལ་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་འབྲེལ་ཡོད་ལས་ཀ་བརྡ་ཁྱབ་གཏོང་བ། ཤེས་གསལ་བྱུང་གསལ་ལྟར་ན། 2019ལོའི་ཟླ3པའི་ཚེས25ཉིན་བར། ཁུལ་ཡོངས་ལ་མཐིལ་རྟོགས་བརྟག་དཔྱད་ཀྱི་ཁུངས་སྣེ389འབྱོར་ཡོད།ད་ལྟར120ཐག་བཅད་པ་དང95ལས་བཞིན་ཡོད།   །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།