ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་རིག་ནུས་ཡིག་གཟུགས་རྣམ་གྲངས་ཀྱིས་སློབ་གྲྭ་ཆིག་སྟོང་ལྷག་ཙམ་ལ་རོགས་སྐྱོར་ཐུབ་རེ་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “སྣག་སྨྱུག་རིག་ནུས། ཡིག་གཟུགས་སློབ་གླིང་། ཁྱབ་གདལ་གཏོང་བའི་སྐུལ་འདེད་རྣམ་གྲངས”ཡུན་ནན་ཁུན་མིང་དུ་དངོས་སུ་འགོ་བཙུགས་པ་དང་། རྣམ་གྲངས་དེའི་དམིགས་ཡུལ་ནི“མིས་བཟོས་རིག་ནུས་+ཡིག་གཟུགས་སློབ་གསོ”ཡི་ལག་རྩལ་གྲུབ་འབྲས་བརྒྱུད་ཡུན་ནན་ཞིང་ཆེན་གྱི་སློབ་གྲྭ1000ལྷག་ཙམ་ལ་ཡིག་གཟུགས་ཀྱི་སློབ་ཁྲིད་རོགས་སྐྱོར་བྱས་ཏེ་ཐག་རིང་ལུང་ཁུག་གི་ཡིག་གཟུགས་སློབ་གསོའི་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ས་ཆ་དེ་གའི་སློབ་གསོའི་སློབ་ཁྲིད་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་ཁག་ལ་རོགས་སྐྱོར་བྱས་ནས་གསོ་སྦྱོང་བྱེད་པ་དང་འབྲེལ་ཡིག་གཟུགས་དགེ་རྒན་དཔུང་ཁག་བཙུགས་པ་དང་། ཡིག་གཟུགས་ཀྱི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ། སློབ་མའི་རྒྱ་ཡིག་ཡིག་གཟུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་དེ་བས་ཡག་པ་ཐུབ་ཆེད་རེད།

སློབ་གསོ་པུའི་སྐད་དང་ཡི་གེའི་ཆ་འཕྲིན་དོ་དམ་སིའི་སི་ཀྲང་གཞོན་པ་ལིའུ་ཧུང་གིས་འགོ་བཙུགས་མཛད་སྒོའི་ཐོག “རྣམ་གྲངས་དེ་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་འགོར་བའི་ས་ཁུལ་ལ་ཁ་ཕྱོགས་ནས་སློབ་གསོའི་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པའི་ཕན་ཡོད་ཚོད་ལྟ་ཞིག་རེད། དེང་རབས་ཀྱི་ཆ་འཕྲིན་ཅན་གྱི་བྱ་ཐབས་བརྒྱུད་སྲོལ་རྒྱུན་གྱི་ཡིག་གཟུགས་སློབ་ཁྲིད་ཀྱི་ཕན་ནུས་དེ་བས་ཆེ་བ་ཐོན་ནས་དུས་དང་རྣམ་པ་ཀུན་ཏུ་སྦྱོང་ཐུབ་པ་བྱ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།

རྣམ་གྲངས་དེས་རྒྱལ་ཁབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགོར་བའི་ས་ཁུལ་གྱི་སློབ་གྲྭ10000ལ་གཟིགས་སྐྱོང་བྱས་ཏེ་གནད་སྨིན་རོགས་སྐྱོར་གྱི་བྱ་ཐབས་ཐོག་ནས་ཡིག་གཟུགས་སློབ་གསོའི་རོགས་སྐྱོར་བྱེད་པ་དང་། ས་ཁོངས་རང་བཞིན་གྱི་ཡིག་གཟུགས་སློབ་ཚན་སྤྱི་ཡོངས་ནས་བཀོད་སྒྲིག་དང་བཀོད་སྒྲིག་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།