ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་དག་ལེགས་པོར་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ལྷོད་གཡེང་མེད་པར་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཁག་ལེགས་པོར་སྒྲུབ་ཏེ། རྒྱལ་ཁ་ཡོངས་སུ་མ་ཐོབ་ཚེ་དམག་མཇུག་མི་བསྡུ་ཐག་ཆོད་བྱས་ཡོད་དེ། ད་ལོར། བདེ་ཆེན་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱིའི་ལས་འགན་ནི་ཁུལ་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ40ཕྱིར་འབུད་པ་དང་། མི་འབོར10586དབུལ་ཐར་བྱུང་བ། འབའ་ལུང་རྫོང་གིས་དབུལ་ཐར་ཞྭ་མོ་ཕུད་པ་བཅས་སོ།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱེད་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་རྐྱེན་གཏིང་ཟབ་པ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་པས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2018ལོར། བདེ་ཆེན་ཁུལ་གྱི་ཞིང་སྡེའི་དབུལ་ཕོངས་མི་འབོར2017ལོའི་ལོ་མཇུག་གི་མི56452ནས་མི10586ལ་མར་འགྲིབ་བྱུང་བ་དང་། དབུལ་ཕོངས་བྱུང་ཚད2017ལོའི་ལོ་མཇུག་གི19.34%ནས་མིག་སྔར་གྱི3.57%མར་འགྲིབ་བྱུང་ཡོད། “གྲོང་ཚོ་རེར་ཐོན་རྫས་རེ་དང་ཤང་རེར་ལས་རིགས་རེའི”རྩ་དོན་ལྟར་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་སུ་བཏང་བ་དང་། རྫོང་དེ་གའི་ཡིག་ཚགས་དང་བྱང་བུ་བཟོས་བའི་དབུལ་ཕོངས་དུད་ཚང19630གྱི་མི་འབོར73998གྱིས་ཐུན་མོང་དཔལ་འབྱོར་དང་། སྣེ་ཁྲིད་ཁེ་ལས། མཉམ་ལས་ཁང་། དབུལ་སྐྱོར་འཁོར་ཁང་། འཇོན་ནུས་སྣེ་ཁྲིད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་གྱི་ཐོན་ལས1དང2ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གི་གྲོང་ཚོ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཆ་སྙོམས་སྒོར་ཁྲི5ཡན་ལ་སླེབས་ཡོད། དེ་མིན། བདེ་ཆེན་ཁུལ་གྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་ཁྲོད་སྐྱེ་ཁམས་ནགས་སྲུང་བ8300གདན་ཞུས་གནང་སྟེ། དུད་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར8000ནས10000འཕར་སྣོན་བྱུང་། 

ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་ལོ་ཡིན་པས། བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལངས་གནས་ཇེ་མཐོར་གཏོང་བ་དང་། བསམ་བློ་གཅིག་གྱུར། ཤིན་ཏུ་དབུལ་ཕོངས་ཆེ་བའི་ས་ཁུལ་གྱི་དབུལ་ཐར་གནད་དོན་ལ་དམིགས་ཏེ།  ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ཕུད་ཐག་ཆོད་པ་ལེན་པར་བློ་ཐག་རྦད་ཆོད་བྱས་ཡོད། ད་ལོའི་ཟླ10པའི་ཚེས31ཉིན་གྱི་སྔོན་དུ་གསར་སྣོན་བྱས་པའི་མི4437སྡོད་ཁང་ནང་གནས་སྤོ་བྱེད་པ་ལེགས་འགྲུབ་བྱ་རྒྱུ་དང་། 2018ལོའི་ལོ་མཇུག་ཏུ་གནས་སྤོ་བྱས་པ་དག་ད་ལོའི་ཟླ6པའི་ཚེས30ཉིན་གྱི་སྔོན་དུ་ཚང་མ་སྡོད་ཁང་ནང་གནས་སྤོ་བྱ་རྒྱུ་འགན་ལེན་ཏན་ཏིག་བྱས། དེ་དང་ཆབས་ཅིག་ཏུ་བདེ་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། མུ་མཐུད་སྒོས་གོང་རིམ་ལ་སྐྱེ་ཁམས་ནགས་སྲུང་བ་དང་། ཆུ་བོ་དོ་དམ་མཁན། རྩྭ་ར་སྲུང་སྐྱོང་བ་བཅས་བརྩོན་ལེན་བྱས་ཏེ་དབུལ་ཕོངས་མི་འབོར་གྱི་ཡོང་འབབ་འཕར་སྣོན་གྱི་དཀའ་གནད་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།