ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་རྫོང་གཡག་རྭའི་ལོ་གསར་གྱི་ཁ་རྒྱལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

52f59a0d-c8b0-478e-95f3-5d33c394019e.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན། འཇོལ་རྗོང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོ་དང་བྱ་ལུང་གྲོང་ཚོ་གཉིས་ཀྱི་གྲོང་མིས་མ་མོའི་ཐང་(ཡུལ་མི་གནས་སྤོའི་གནས)གི་བྱ་འགུལ་སྟེ་གནས་ནས་ལོ་གསར་གྱི་སྤྲོ་ཚོགས་བསྡུས་ཤིང་།གྲོང་མི་ཚོས་རང་ཁྱིམ་ནས་འཁྱེར་ཡོང་བའི་ཞིམ་མངར་ཟས་རིགས་སྣ་ཚོགས་ལོངས་སྤྱོད་ཞོར་དུ་ཁ་རྒྱལ་རྒྱག་པའི་འགོ་བརྩམས་པ་རེད།

ཁ་རྒྱལ་ནི་མི་མང་བོ་མཉམ་དུ་འདུས་ནས་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་ཞོར་དུ་ཕན་ཚུལ་ལ་དགོད་གཏམ་བཤད་པའི་འདུ་འཛོམས་གྱི་རྣམ་པ་ཞིག་ཡིན་ལ། ཁ་རྒྱལ་རྒྱག་པའི་གོ་རིམ་ཁྲོད་གཏམ་ཀུ་རེ་ཅན་གྱི་གྲོང་མི་འགའ་རེས་ཉེ་ཆར་རམ་ལོ་གཅིག་གི་ནང་གྲོང་ཚོའི་ནང་བྱུང་བའི་མི་ལེགས་པའི་སྤྱོད་པ་དང་བྱ་ངན་དག་ཀུ་རེ་ཁ་མཚར་གྱི་སྒོ་ནས་སློབ་གསོ་གཏོང་ལ། རྗེས་ཕྱོགས་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་བསྒྱུར་བའི་ནུས་ལེགས་པོ་ཐོན་བཞིན་ཡོད།

3fa14b67-266a-430c-9d35-754ab8e1ce88.jpg

སྤྱིར་ཁ་རྒྱལ་ཞེས་པ་ནི་གྲོང་ཚོའི་ནང་གི་ཁ་ལྕེ་བདེ་བའི་མི་གཅིག་ནས་གཉིས་ཀྱིས་སྣེ་ཁྲིད་དེ་ཕན་ཚུན་ལ་རམ་འདེགས་ཀྱིས་དེར་ཚོགས་ཁྲོམ་པར་དགོད་སློང་ཞིང་། གཏམ་ཀུ་རེ་ཡོད་པའི་ཞི་མཐུན་གྱི་རྣམས་པ་ཞིག་ཆགས་པར་བྱེད་ལ། རྣམ་པ་དེ་འདྲ་ཞིག་ཆགས་རྗེས་སྡེ་མི་སོ་སོས་ཚོགས་རའི་ནང་གི་སྐྱོན་ཆ་ཡོད་པའི་མི་རྣམས་ལ་ཀུ་རེའི་ཚུལ་གྱིས་སྐྱོན་བརྫོད་བྱེད་ཆོག སྐྱོན་བརྗོད་ཐེབས་པའི་མི་དེར་ངོ་ཚ་དང་དོགས་མི་བདེ་བའི་སྣང་བ་སྐྱེས་སུ་འཇུག་མོད། འོན་ཀྱང་ཁོངས་ཁྲོ་ལངས་མི་ལངས་ལ། བགོད་སྒྲའི་ཁྲོད་ནས་རང་ཉིད་ཀྱིས་ཞིབ་འདང་རྒྱག་ལ་འགྱོད་སེམས་སྐྱེས་སྲིད་པ་རེད། འདི་ལྟར་གླུ་སྐད་དང་དགོད་སྒྲའི་ཁྲོད་ནས་སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་བྱེད་པའི་བྱེད་སྒོ་སྤེལ་ན་མི་མང་བོས་དང་ལེན་བྱེད་སླ་ལ། འདིས་ཀྱང་ས་གནས་མང་ཚོགས་ཀྱི་བློ་རྒྱ་དང་ཁོག་རྒྱ་མཚོན་ཐུབ་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།