ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་དུས་ཆེན་རིང་དུ་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི46ལྷག་སྣེ་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4cf70250-b127-40e6-aadb-689aac852132.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དཔྱིད་གསར་དུས་ཆེན་རིང་(ཟླ2པའི་ཚེས4ཉིན་ནས་ཚེས10ཉིན་གྱི་བར)དུ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི46.26སྣེ་ལེན་བྱས་པ་དང་།  ན་ནིང་གི་དུས་མཚུངས་ལས2.03%འཕར་ཡོད།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི26490.39བྱུང་བ་དང་ན་ནིང་གི་དུས་མཚུངས་ལས5.46%འཕར་ཡོད་པ་རེད།

སྟག་མཆོང་གྲོག་རོང་ལྗོངས་ཁུལ་དང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།  སུམ་རྩེན་གླིང་། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་ནི་ཁུལ་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་ཆེས་མང་བའི་ལྗོངས་ཁུལ་བཞི་དུ་གྱུར།  སྣེ་ལེན་མི་གྲངས་ན་ནིང་གི་དུས་མཚུངས་ལས་འཕར་འདུག

4a0f470b-f47b-4183-a9f8-33b725695de0.jpg

སྲོལ་རྒྱུན་གྱི་ལྗོངས་ཁུལ་དག་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་མ་ཟད།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་སོགས་ཀྱི་གྲོང་གསེབ་ཡུལ་སྐོར་རིམ་བཞིན་དར་འཕེལ་བྱུང་ཡོད་པས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་རིམ་བཞིན་མང་འདུག་སྟེ་རང་ཁུལ་གྱི་གུང་གསེང་ཡུལ་སྐོར་འགྲོ་ས་གསར་པ་ཞིག་ཏུ་གྱུར་ཡོད།

ད་ལོར་བདེ་ཆེན་ཁུལ་དུ་སྒེར་འཁོར་གཏོང་ནས་ཡུལ་སྐོར་ཡོང་བའི་ཡུལ་སྐོར་བ་མངོན་གསལ་ཐོག་འཕར་འདུག   གུང་གསེང་སྐབས་སུ་ཁྱོན་བསྡོམས་འཁོར་ཐེངས41540རང་ཁུལ་དུ་བྱུང་འདུག་པ་དང་ཁུལ་ཡོངས་ཀྱི་མགྲོན་ཁང་དག་གུང་གསེང་རིང་ཆ་སྙོམས་ཞག་བསྡོད་ཚད42.66%ཟིན་འདུག

3b1613b8-5215-4c28-9970-380f7fe5597e_batchwm.jpg

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དུས་རབས་ཀྱི་བླང་བྱ་གསར་པ་དང་བསྟུན་ཆེད་ད་ལོའི་ལོ་སར་གྱི་སྐབས་སུ།རང་ཁུལ་གྱི་ལྗོངས་ཁུལ་ཁག་ཅིག་གིས་ཉམས་ལེན་ཡུལ་སྐོར་རྣམ་གྲངས་ཁ་སྣོན་བྱས་ཡོད་དེ།དཔེར་ན་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་ཐག་ལམ་དང་ཤེལ་སྒོ་འཕྲང་ལམ་སོགས་རྣམ་གྲངས་གསར་འདོན་བྱས།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཐད་འཕུར་གནམ་གྲུའི་བར་སྣང་དམའ་རིམ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་རེད།

6b43100b-ee3a-4c16-bcb7-163ad96cf885_batchwm.jpg

རིག་གནས་ཐོན་རྫས་ཀྱི་ཐད་མུ་མཐུད་དུ་ལོ་རེའི་ཐེངས་གཅིག་གི་དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི་བྱེད་སྒོ་སྤེལ་བ་མ་ཟད།ཤང་དང་གྲོང་རྡལ་སོ་སོའི་རང་ངོས་ཀྱི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུམ་སུམ་ཚོགས་པའི་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་བ་རེད།ས་གནས་མང་ཚོགས་ལ་དུས་ཆེན་གྱི་རིག་གནས་དགོས་མཁོ་སྐོང་བ་མ་ཟད་གང་ལེགས་ཀྱིས་ཕྱི་རོལ་གྱི་ཡུལ་སྐོར་བར་རང་ས་གནས་ཀྱི་མི་རིགས་རིག་གནས་ལེགས་པར་མངོན་པ་རེད།

215ce89f-158b-4e75-bf17-c47a4192b2d1_batchwm.jpg

147068f4-f314-46a0-b4ad-c66336717a1e.jpg

རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་སོགས་ཁེ་ལས་སྐོར་ཞིག་གིས་མུ་མཐུད་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་དེ།ཡུལ་སྐོར་བའི་ཟས་སྡོད་ཀྱི་དགོས་མཁོ་སྐོང་བ་ཕུད།གཞན་ད་དུང་ཐང་ག་དང་ཀོང་རྩེད་རའི་ཤིང་ཕོར།ཉི་ཤར་རྫ་ནག སྟོན་པའི་ཤོག་བཟོ།སྲོལ་རྒྱུན་ཤིང་བརྐོས།མ་ཎི་རྡོ་འབུམ་སོགས་དངོས་མིན་ཐོན་རྫས་འགྲེམས་བཤམས་དང་གནམ་གང་གི་གསོལ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རིག་གནས་མངོན་པར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།