ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སར་སྐབས་སུ་བདེ་ཆེན་དུ་ལྟད་མོ་འདི་འདྲ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

913cbbf5-d0a5-4176-b191-8663956f5513.jpg

དཔྱིད་གསར་དུས་ཆེན་དང་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ།  དུས་ཆེན་གྱི་རྣམ་པ་ཉིན་རེ་ལས་ཉིན་རེ་འཕེལ་བ་དང་ག་ས་གང་དུ་སྤྲོ་སྣང་ཁེངས་འདུག  དེ་རིང་འདིར་ལོ་སར་སྐབས་སུ་བདེ་ཆེན་གྱི་ལྟད་མོ་གང་འདྲ་ཡོད་རྒྱུ་ཚང་མ་ལ་ལོངས་སྤྱོད་བྱ་རྒྱུ་དང་ཚང་མས་ལྟད་མོ་བལྟ་འགྲོ་ཆོག་སྣང་།

ལོ་སར་གྱི་ཚེས་པ་གཉིས་ཏེ་ཟླ2པའི་ཚེས6ཉིན་དུ།  ལོ་རེ་ཐེངས་རེའི་དགའ་སྤྱིད་ལྡན་པའི་ཤམ་བྷ་ལའི་སྤྲོ་ཚོགས་ཆེན་མོ་ཞེས་པའི་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་།  སྐབས་དེར་ཚང་མས་ཤང་དང་གྲོང་རྡལ་སོ་སོ་དང་མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་གླུ་གར་གྱི་སྟོན་མོ་ཆེན་པོ་ལོངས་སུ་སྤྱོད་ཆོག་རེད།

5ba9b0e7-52e7-4895-917a-70a086b82f75.jpg

ལོ་སར་གྱི་གནམ་གང་ཉིན་སྟེ་ཟླ2པའི་ཚེས4ཉིན་ནས་བཟུང་།  རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རར་ནུབ་ལྟར་མར་གསོལ་སྟོན་བཤམས་རྒྱུ་ཡིན་ལ།  དུས་ཆེན་གྱི་གཟབ་རྒྱན་སྤྲས་པ་དང་གླུ་གར་འཁྲབ་སྟོན་བྱས་ནས་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ལོངས་སུ་སྤྱོད་ཆོག་རྒྱུ་རེད།

ལོ་སར་གྱི་ཚེས་པ་བཞི་སྟེ་ཟླ2པའི་ཚེས8ཉིན་ནས་བཟུང་།  བདེ་ཆེན་ཁུལ་གྱི་སྡེ་ཁུལ་ཁག་གིས་ཁས་སྐོར་ནས་ལོ་སར་གྱི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་བསྡུ་རྒྱུ་རེད།  སྐབས་དེར།  ལ་གླུ་ལེན་པ་དང་བྲོ་འཁྲབ་པ།  གོས་རྒྱན་འགྲེམ་སྟོན།  རྟ་རྒྱུག  མདའ་འཕེན།  ལག་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་རྒྱུ་རེད།

943ac105-26a1-4c81-8f13-16341c077a4e.jpg

ལོ་སར་གྱི་ཚེས་པ་ལྔ་སྟེ་ཟླ2པའི་ཚེས9ཉིན་དུ།  འཇོལ་རྫོང་གིས2019ལོའི་དཔྱིད་གསར་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རྒྱུ་རེད།  འཇོལ་གཞས་དང་ཡུན་ལིང་གི་རས་པ།  སྐོར་བྲོ་སོགས་ཀྱི་ལྟད་མོ་སྣ་ཚོགས་སྟོན་རྒྱུ་རེད།

ལོ་སར་སྐབས་སུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡེ་ཁུལ་སོ་སོ་དང་ཤང་གྲོང་སོ་སོས་ད་དུང་ལོ་སར་གྱི་རྟེན་འབྲེལ་སྤྲོ་ཚོགས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།