ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཐང་དབུལ་སྐྱོར་གྱི་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ནད་ཚབས་ཆེན་གྱི་རིགས་ཆེད་དམིགས་གཅིག་སྡུད་སྨན་བཅོས་བྱེད་པ་དང་། རིམ་པ་དབྱེ་བའི་ནད་བརྟག་སྨན་བཅོས་ལམ་ལུགས། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་སོགས་ལག་བསྟར་བྱས། རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། རིན་དམའ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤེལ་བྱས་ཏེ། བདེ་ཐང་དབུལ་སྐྱོར་སྲིད་ཇུས་དངོས་ཀྱི་ཐོག་དུད་ཚང་རེ་རེར་སླེབས་པར་བྱེད་དགོས། 

མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྨན་ཁང་གིས་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་། ཁོར་ཡུག་ལ་གནོད་ཚད་གདེང་འཇོག ས་ཆུ་སྲུང་འཛིན། ས་གཤིས་རྟོག་བཤེར། འཆར་འགོད། ཡོམ་འགོག་ཆེད་དོན་ཞིབ་བཤེར། ཐོག་མའི་འཆར་འགོད་ཀྱི་དཔྱད་བསྡུར་ཞིབ་བཤེརསོགས་སྔོན་མའི་ལས་དོན་འགྲུབ་ཡོད་པ་མ་ཟད། ད་དུང་དམིགས་འགུག་དམིགས་འགོད་ཀྱང་ལེགས་འགྲུབ་བྱུང་ཡོད། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང11ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཐད་སླེབས་ཡོད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང49འཛུགས་སྐྲུན་རྒྱ་ཁྱོན་ཆ་སྙོམས་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་གཞི་རྩའི་ཚད་ལྡན་དུ་སླེབས་ཡོད་དེ། འཛུགས་སྐྲུན་རྒྱ་ཁྱོན་ཆ་སྙོམས་ཀྱི་སྨི་གྲུ་བཞི་མ60ཡན་དུ་ཡོད། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྒྲིག་བཀོད་ཚད་ལྡན་ཡིན་པ་དང་། སྒོ་བྱང་མཚོན་རྟགས་གཅིག་གྱུརཡིན་ལ། ད་དུང་ཚད་ལྡན་ལྟར་སྒྲིག་ཆས་བཀོད་སྒྲིག་བྱས་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ནད་བརྟག་ཁང་སོགས་ཁང་བ་བཞི་ལོགས་སུ་དབྱེ་བ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྒོ་བྱང་དང་ཚན་ཁག་སྒོ་རྟགས་སོགས་གཅིག་གྱུར་ངང་བཟོས་པ་མ་ཟད། སྒྲིག་ཆས་བཀོད་སྒྲིག་འཐུས་ཚང་དུ་བཏང་། ཞབས་ཞུའི་མི་འབོར་སྟོང་གཅིག་རེར་མ་མཐའ་ཡང་གྲོང་ཚོའི་སྨན་པ་གཅིག་བཀོད་སྒྲིག་བྱེད་དགོས་པའི་ཚད་གཞི་ལྟར། གྲོང་ཁྱེར་ཡོངས་སུ་གྲོང་ཚོའི་སྨན་པ99བཀོད་སྒྲིག་བྱས་ཡོད་པ་དང་། ཆབས་ཅིག་ཏུ་གྲོང་ཚོའི་འཕྲོད་བསྟེན་ཁང་རེར་མ་མཐའ་ཡང་སྨན་རྗས80བཀོད་སྒྲིག་བྱེད་དགོས་པའི་ཚད་གཞི་ལྟར་ལས་དོན་བྱེད་སྒོ་སྤེལ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱིས་གྲོང་ཚོའི་སྨན་པས་སྨན་བཅོས་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་མ་ཟད། ད་དུང་གྲོང་མི་ནད་ལ་བལྟ་བར་ཡོང་རྒྱུར་སྟབས་བདེ་བཟོས། ཁྱད་པར་དུ་ནད་བརྟག་ཁང་དང་། སྨན་བཅོས་ཁང་། སྤྱི་སྤྱོད་འཕྲོད་བསྟེན་ཁང་། སྨན་ལེན་ཁང་སོགས་ཁང་བ་ལོགས་སུ་དབྱེ་བ་དེའི་ནད་དུག་འགོས་པ་དང་འགོས་ནད་འབྱུང་བའི་ཚད་ཧ་ཅང་ཉུང་དུ་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།