ཀྲུང་གོ་བོད་ཀྱི་དྲ་བ།

སྤྲིན་པའི་སྟེང་རིམ་གྱི་འབའ་ལྷག་ཅེས་པའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་ནས་བསྡུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40་འཁོར་བ་ལ་དྲན་གསོ་བྱེད་པའི་ཆེད་དུ། ཡུན་ནན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཡིའུ་ཞང་ནེང་གིས་གསར་རྩོམ་བྱས་པ་དང་། ཡུན་ནན་སློབ་གསོ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་གནང་བའི་དངོས་བྲིས་སྙན་ཞུའི་རྩོམ་རིག་སྤྲིན་པའི་སྟེང་རིམ་གྱི་འབའ་ལྷག་ཅེས་པའི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་ནས་བསྡུས་པ་རེད། 

སྤྲིན་པའི་སྟེང་རིམ་གྱི་འབའ་ལྷག་ཅེས་པའི་དངོས་བྲིས་སྙན་ཞུའི་རྩོམ་རིག་འདིས་གཙོ་བོ་ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་ཆེས་མཐོ་ས་ན་ཆགས་ཡོད་པའི་བོད་ཀྱི་གྲོང་ཚོ་འབའ་ལྷག་གྲོང་ཚོ་ཟེར་བ་དེ་བརྗོད་བྱ་གཙོ་བོར་བྱས་ཡོད་ལ།བསྒྱུར་བཅོས་སྒོ་འབྱེད་ཀྱི་མཚོ་རླབས་ཆེན་པོའི་མདུན་དུ་སྐྱོད་ཅིང་།ལོ་ངོ40རིང་གི་འབད་བརྩོན་ལྷོད་མེད་དང་སྙིང་རུས་ཆེན་པོ་བརྒྱུད་དེ།ལག་ཟུང་ལ་བརྟེན་ནས་སྡེ་མི་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་བའི་ངོ་མཚར་གཏམ་རྒྱུད་ཞིབ་འབྲི་བྱས་ཡོད། 

བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40རིང་ལ་དོ་སྣང་ཆེ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་གྲུབ་འབྲས་འདི་ལ་དྲན་གསོ་བྱེད་ཆེད། རྩོམ་པ་པོས་གསར་འགོད་པ་ཞིག་གི་མིག་དབང་གིས་དོན་ཆུང་ནས་དོན་ཆེད་གསལ་བའི་དཔེ་ལྟར། ལོ་ངོ་སྟོང་ལ་རྡུལ་གྱིས་མནན་པའི་འབའ་ལྷག་གྲོང་ཚོའི་མང་ཚོགས་བརྫོད་བྱ་གཙོ་བོར་བྱས་ཤིང་རྩོམ་པ་པོས་གྲོག་རོང་གི་ཕུགས་དང་གངས་རིའི་འདབས་རོལ་ན་འཚོ་བའི་འབའ་ལྷག་གྲོང་མིར་བཅར་འདྲི་དང་བརྟག་དཔྱད་བྱས་ཏེ། གུང་ཁྲན་ཏང་ཡོན་བསོད་ནམས་དོན་འགྲུབ་ཀྱིས་སྣེ་ཁྲིད་འོག་དཀའ་སྡུག་མྱོང་དགོས་རུང་འཚོ་བ་སྡུག་པོར་མི་རོལ་ཞེས་པའི་ཡུའི་ཀུང་གི་སྙིང་སྟོབས་དར་སྤེལ་བྱས་ཤིང་། བློ་བརྟན་འགྱུར་མེད་དང་སེམས་ཤུགས་གཅིག་སྒྲིལ་གྱིས་གཡེང་གཟར་གྱི་བྲག་ངོས་ལ་ཕྱི་ཕྱོགས་སུ་བགྲོད་པའི་གཞུང་ལམ་བརྐོས་པ་མ་ཟད། མེས་པོ་དག་གིས་བདག་སྐྱོང་བཟང་བོ་གནང་ཡོད་པའི་རི་ཆུ་ནགས་གསུམ་དང་གདོད་མའི་བོད་ཀྱི་སྐྱེ་ཁམས་རིག་གནས་གཉིས་གསར་རི་དངུལ་རིར་བཏང་ནས། ལུང་ཕུགས་ཀྱི་འབའ་ལྷག་གྲོང་མི་ཕྱི་ལ་བགྲོད་ཐུབ་པ་དང་འཛམ་གླིང་ལ་ཕྱོགས་ཐུབ་པའི་འབད་འཐབ་ཀྱི་ལོ་རྒྱུས་བྲིས་ཡོད། 

འགྲེམ་སྤེལ་མཛད་སྒོའི་སྟེང་སྤྲིན་པའི་སྟེང་རིམ་གྱི་འབའ་ལྷག་ཅེས་པའི་རྩོམ་པ་པོ་སྟེ་ཡུན་ནན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཡུའི་ཞང་ནེང་དང་འབའ་ལྷག་དཀར་རྫོང་གསར་སྤེལ་ཀུང་སིའི་འགོ་འཛིན་པ་བསོད་ནམས་དོན་འགྲུབ།རྒྱལ་ཁབ་ཀྱི་རྩོམ་པ་པོ་གྲགས་ཅན།འཁྲབ་གཞུང་རྩོམ་པ་པོ་ཝང་དབྱང་།  ཡུན་ནན་སློབ་གསོ་དཔེ་སྐྲུན་ཁང་གི་སྤྱི་གཉེར་བ་ཝང་ཁྲའོ་ཁྲའོ་སོགས་ཀྱིས་མཉམ་གཅིག་ཏུ་སྤྲིན་པའི་སྟེང་རིམ་གྱི་འབའ་ལྷག་ཅེས་པའི་དཔེ་ཆའི་རྟེན་འབྲེལ་ཡོལ་རས་ཕྱེས་པ་རེད། 

ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྙན་འཕྲིན་དྲ་བ་དང་ཤིན་ཧྭ་དྲ་བ། ཀྲུང་གོ་གསར་འགྱུར་ཁང་སོགས་སྨྱན་སྦྱོར་ལས་ཁུངས15ཐེངས་འདིའི་མཛད་སྒོར་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།