ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧེ་གྲོང་ཁྱེར་པའོ་ཧྲན་ཆུས་འབའ་ལུང་ལ་རིག་སྟོབས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་ཀྱིས་རིག་སྟོབས་དབུལ་སྐྱོར་ལ་ཤུགས་བསྣན་ནས། སྤུས་ཚད་མཐོར་འདེགས་བྱ་རྒྱུ་དེ་དབུལ་སྐྱོར་རོགས་ལས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། འབའ་ལུང་རྫོང་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་རྩལ་མི་སྣ་ཆད་པའི་གནས་ཚུལ་ལ་དམིགས་ཏེ། རིག་སྟོབས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལོན་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣའི་འགན་སྲུང་བྱས་པ་རེད།      

པའོ་ཧྲན་ཆུས་དང་འབའ་ལུང་རྫོང་གིས་ཤེས་ལྡན་མི་སྣའི་བརྗེ་རེས་མཉམ་ལས་ནང་རྐྱེན་བཙུགས་ནས། ཤེས་ལྡན་མི་སྣའི་སྤེལ་རེས་རྒྱ་ཁྱབ་ཏུ་སྤེལ་བ་དང་། འདུ་ཤེས་སྤེལ་རེས་དང་བསམ་ཕྱོགས་སྤེལ་རེས། ལག་རྩལ་ཕན་ཚུན་སློབ་སྦྱོང་། ཀུན་སྤྱོད་དཔྱད་གཞིར་འཛིན་རྒྱུ་སོགས་ལ་སྐུལ་འདེད་གཏོང་བ་རེད།

འབའ་ལུང་རྫོང་གི་ཁེ་ལས་ཕྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཆེད་དུ། ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་ཀྱིས་ལས་སྟེགས་སྐྲུན་ནས། ཧྲང་ཧའེ་ཁེ་ལས་དང་འབའ་ལུང་ཁེ་ལས་བརྗེ་རེས་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། བསམ་ཕྱོགས་གསར་བ་དང་རྣམ་པ་གསར་པ་འབའ་ལུང་དུ་འདྲེན་པ་རེད། བརྗེ་རེས་ལས་སྟེགས་བརྒྱུད་ནས།པའོ་ཧྲན་ཆུས་ཀྱིས་སྔ་རྗེས་སུ་ཁེ་ལས་འཐུས་ཚབ་པ་འབོར་ཐེངས་གཉིས་རྩ་འཛུགས་བྱས་ཏེ་འབའ་ལུང་དུ་རྟོག་ཞིབ་ཕེབས་པ་དང་། འབའ་ལུང་རྫོང་གི་ཁེ་ལས་འཐུས་ཚབ་པ་དང་མཉམ་དུ་བཞུགས་མོལ་བྱས་ནས་ཉམས་མྱོང་བརྗེ་རེས་བྱས་པ་རེད། འབའ་ལུང་རྫོང་གི་འགྲེམ་སྟོན་དུ་ཞུགས་པའི་ཁེ་ལས་ཀྱིས་ཧྲང་ཧའེ་ཧྥན་ཞི་བློ་འདྲི་དོ་དམ་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་གྲོང་ཁྱེར་དམངས་ཕན་རང་འདེམས་ཚོང་ཁང་གཉིས་ལ་ཡུན་རིང་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

རིག་སྟོབས་དབུལ་སྐྱོར་ཉམས་མྱོང་ཕྱོགས་བསྡོམས་ཀྱི་རྨང་གཞི་ཐོགཔའོ་ཧྲན་ཆུས་དང་འབའ་ལུང་རྫོང་གིས2019ལོའི་རིག་སྟོབས་དབུལ་སྐྱོར་འཆར་འགོད་ཀྱི་མིང་རྟགས་བཀོད་པ་མ་ཟད་དོན་འཁྱོལ་བྱས་ནས།དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་པ་སྤྱི་དང་ལྷག་པར་དུ་གཞི་རིམ་གྱི་ལས་བྱེད་པ་དང་། དབུལ་ཕོངས་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་ནས། རིམ་པ་མང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་སྤེལ་རེས་བྱས་པ་རེད། ཕྱོགས་གཉིས་ལ་འགན་འདོགས་པ་དང་ས་གནས་གཉིས་ཀྱི་གསོ་སྐྱོང་བྱེད་པ། མངགས་བཅོལ་གསོ་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་འབའ་ལུང་རྫོང་གི་སློབ་གསོ་དང་འཕྲོད་བསྟེན། ཚན་རྩལ། རིག་གནས། ཞིང་ལས། སྤྱི་ཚོགས་ལས་དོན་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། གཟིགས་སྐྱོང་གི་སྲིད་ཇུས་གཏན་ཁེལ་བྱས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་སྔོན་ཐོན་འདུ་ཤེས་ལ་སློབ་སྦྱོང་བྱས་ནས།འབའ་ལུང་རྫོང་དབུལ་སྒྲོལ་འགག་སྒྲོལ་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཐོབ་པར་བྱེད་པ།འབའ་ལུང་རྫོང་གིས་ཧུར་བརྩོན་གྱིས་ལས་ཀ་དང་འཚོ་བའི་ཁོར་ཡུག་ལེགས་པོ་སྐྲུན་ནས།ཡུན་ནན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ནུས་པ་གང་ལེགས་འདོན་པར་སྐུལ་འདེད་བཏང་། །      

རྩོམ་སྒྲིག་པ། : ཀླུ་མོ་མཚོ།