ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྐྱོར་ཁྱབ་ཁོངས་ནང་གི་སྤྱོད་ཚུལ་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་བྱས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་སྤེལ་བ་གོ་སྐབས་སུ་བྱས་པ་དང་།          གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་སུ་སྤྱོད་ཚུལ་གནད་དོན་གྱི་བཅོས་སྒྲིག་ལས་ཀ་ལ་དམ་འཛིན་བྱས་ནས།  དབུལ་སྒྲོལ་འགག་སྒྲོལ་ལ་འཐབ་འཛིན་དང་རྒྱལ་ཁ་ཐོབ་པར་འགན་ལེན་ནུས་ལྡན་བཏོན་པ་རེད།  

གཅིག་ནི་རྒྱུན་ལྡན་ཅན་གྱི་ལྟ་ཞིབ་ལམ་ལུགས་ཤུགས་ཆེར་གཏོང་བ་དང་། སྒྲིག་ལམ་སྤྱོད་ཚུལ་ལྟ་ཞིབ་ཚོ་ཆུང་གིས་གཙོ་གནད་དུ་བཅོས་སྒྲིག་ལས་ཀ་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ།  དུས་ཐོག་ཏུ་གནད་དོན་མཐོང་བ་དང་དུས་ཐོག་ཏུ་ལྟ་སྐུལ་དག་ཐེར་བྱེད་དགོས།  གཉིས་ནི་སྔར་ལས་ལྷག་པར་ལྟ་སྐུལ་དང་སྒྲིག་བསྟར་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེར་གཏོང་དགོས། གསུམ་ནི་ལྟ་དཔྱད་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དེ། ལས་ཀའི་དངོས་ཡོད་གྲུབ་འབྲས་འབུར་དུ་ཐོན་པ་ལ་གཟེངས་བསྟོད་བྱེད་པ་དང་།  དབུལ་སྐྱོར་འགན་འཁྲི་དོན་འཁྱོལ་ཡག་པོ་མི་བྱེད་པ་དང་དབུལ་སྐྱོར་ཕན་འབྲས་བླང་བྱ་དང་མི་མཐུན་པ་སོགས་ལ་འགན་འཁྲི་བདའ་འདེད་བྱེད་དགོས།  བཞི་ནི་སྒྲིལ་ལམ་མི་སྲུང་བ་དང་ཁྲིམས་ལུགས་མི་སྲུང་བ་སོགས་ལ་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས།  ལྔ་ནི་ལས་ཀ་སྒྲུབ་མི་ཐུབ་པས་ལས་ཁུར་རྩ་དགོངས་ཞུ་བའི་འགོ་ཁྲིད་དང་ལས་བྱེད་པ་དང་།  ལས་གནས་སུ་གནས་པའང་དོན་མི་གཉེར་པ་དང་དབུལ་སྒྲོལ་ལས་ཀའི་ལས་ཆོད་ལ་ཤུགས་རྐྱེན་ཐེབས་པ།  མི་སྒེར་གྱིས་ལས་ཁུར་རྩ་དགོངས་མི་ཞུ་བའི་འགོ་ཁྲིད་དང་ལས་བྱེད་པ་ལ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་ཀའི་གནས་ཚུལ་དང་འབྲེལ་ཡོད་གཏན་འབེབས་ལྟར་ལས་སྒུག་བྱེད་དུ་འཇུག་དགོས་པ་དང་།  རང་ལས་ཁུངས་ཀྱི་ལས་གནས་གཞོན་པ་ལ་ལས་ཀ་གཙོ་སྐྱོང་བྱེད་དུ་འཇུག་དགོས།  དྲུག་ནི་ཚོགས་འདུ་ཚད་ལྡན་ཅན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་དུས་ཚོད་དེ་བས་མང་པོ་སྟེར་དགོས་པ་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ལ་ལམ་སྐྲུན་དགོས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།