ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་ཁུལ་གྱི་དུད་ཚང་དབུལ་པོ་ཞིག་གི“ནང་ལས”བྱེད་པའི་མྱོང་ཚོར།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་དུས་ཀྱི་ཉིན་དགུང་ཞིག་ལ་ཡུང་ཁྲུན་ཤང་མེ་ཀོང་གྲོང་ཚོའི་གྲོང་མི་ལི་དབན་མིང་གོས་འཁྲུ་བ་དང་། གཙང་སྦྲ་བྱེད་པ། མལ་ཆས་བསྡུ་བ་སོགས་ནང་ལས་ལ་བྲེལ། མང་ཚོགས་མི་ཉུང་བ་ཞིག་ཀྱང་ཁོང་ལྟར་གནམ་དྭངས་པ་དང་བསྟུན་ནས་ཁྱིམ་ལས་བྱེད་འགོ་ཚུགས། མི་མང་པོ་ཞིག་གི་ངོས་ནས་བརྗོད་ན། རྣམ་པ་དེ་འདྲ་རྒྱུན་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་མེ་ཀོང་གྲོང་ཚོའི་མང་ཚོགས་དབུལ་པོ་ཁག་གཅིག་གི་ངོས་ནས་བརྗོད་ན། དེ་ནི་སྤྱིར་བཏང་ཞིག་གཏན་ནས་མིན།

མེ་ཀོང་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཝེ་ཤིས་ལི་སུའུ་རང་སྐྱོང་རྫོང་ཡུང་ཁྲུན་ཤང་དུ་གནས་པའི་ལི་སུའུ་རིགས་འདུས་སྡོད་གྲོང་ཚོ་ཞིག་ཡིན་ཞིང་། རེས་སྐོར་གསར་པའི་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་མ་ཐག་པའི་དུས་སུ། གྲོང་ཚོའི་ནང་གི་མང་ཚོགས་གསུམ་ཆ་གཅིག་ཚང་མ་དུད་ཚང་དབུལ་པོ་ཡིན་ལ། མང་ཚོགས་མི་ཉུང་བ་ཞིག་ཤིང་ཁང་ནང་སྡོད་ཀྱི་ཡོད།

ལོ་རྒྱུས་དང་འཚོ་བའི་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་འོག་དུས་མཚམས་ཤིག་རིང་། མེ་ཀོང་གྲོང་ཚོའི་མི་ཕྱུགས་མཉམ་སྡོད་ཀྱི་གནས་ཚུལ་ཅུང་མངོན་གསལ་དོད་པོ་ཡོད་པ་ལས་གྲོང་མིའི་འཚོ་སྡོད་ཁོར་ཡུག་གང་འདྲ་ཡོད་པ་གསལ་པོ་ཤེས་ཐུབ།

ལི་དབན་མིང་ནི་མེ་ཀོང་གྲོང་ཚོ་ཨ་ཧྲ་ཙེ་ཚོགས་ཆུང་གི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། གནད་སྨིན་དབུལ་སྐྱོར་མ་བྱས་གོང་། ཁོ་བོ་ཡང་ཤིང་ཁང་ནང་སྡོད་ཀྱི་ཡོད་ལ་ཁང་པའི་ནང་མལ་ཁྲིའང་མེད་པས་ཤིང་ལེབ་ཐོག་གདན་བཏིང་ནས་ཉལ་རྒྱུ་ལས་མ་འདས་པས་གྲོང་ཚོའི་ནང་སྐད་གྲགས་ཆོད་པའི“སྒྱིད་ལུག་ཅན”ཞིག་རེད།

རིམ་པ་ཁག་གིས་དབུལ་སྐྱོར་ལས་དོན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་ཡུང་ཁྲུན་ཤང་གི་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། དེ་སྔ་འཚོ་བའི་ཆ་རྐྱེན་ཞན་པའི་ས་ཆར་འཚོ་སྡོད་བྱེད་མཁན་གྲོང་མི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་སྡོད་གནས་དང་། འགྲོ་ལམ། འཐུང་ཆུ་སོགས་ཀྱི་ཐད་འགན་ལེན་ཐུབ་ཡོད་ལ། གྲོང་ཚོའི་ནང་གི་འཕྲོད་བསྟེན་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད། དེའི་རིང་། སྲིད་གཞུང་གིས་ལི་དབན་མིང་ལ་སྡོད་ཁང་སྐྲུན་རོགས་བྱས་ཡོད་ལ་གསང་སྤྱོད་ཀྱང་བསྐྲུན་ཡོད།

ད་ལོའི་ལོ་འགོར། ཡུང་ཁྲུན་ཤང་གིས“གྲོང་རྡལ་མཛེས་ཤོས”དང་། “གྲོང་ཚོ་མཛེས་ཤོས” “ཁྱིམ་ཚང་ཡག་ཤོས” “མི་སྣ་བཟང་ཤོས”བཅས་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་ཤིང་། མེ་ཀོང་གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་དུས་མཚུངས། ཁྱིམ་གྱི་ནང་ལས་ཡག་པོ་བྱེད་རྒྱུ་དམ་འཛིན་བྱེད་གཞི་གཙོ་བོར་བརྩིས་པ་དང་སྦྲགས། མེ་ཀོང་གྲོང་ཚོར་ནང་ལས་བཅོས་སྒྲིག་གི“རྟ་མཆོག་དར་ཆ”དང“འབུ་སྐྱོགས་དར་ཆ”དཔྱད་བསྡུར་བྱེད་སྒོ་སྤེལ་ནས་གྲོང་མི་ཚོས་ནང་ལས་ཡག་པོ་བྱེད་རྒྱུར་སྐུལ་ལྕག་བྱས་པ་རེད།

“དཔྱད་བསྡུར་སྐར་གྲངས་མཐོ་པོ་ཐོབ་ཚེ‘རྟ་མཆོག་དར་ཆ’རག་པ་དང་། དཔྱད་བསྡུར་སྐར་གྲངས་དམའ་པོར‘འབུ་སྐྱོགས་དར་ཆ’རག་གི་ཡོད”ཅེས་མེ་ཀོང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་མི་ཡུས་ལི་མེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ནང་ལས་དཔྱད་བསྡུར་དེ་གཙོ་བོ“གྲོང་སྲོལ་དམངས་ཆིངས”ལག་བསྟར་གནས་ཚུལ་དང་། ཞིང་དུད་སྡོད་ཁང་གི་ཉེ་འཁོར་དང་ཁྱིམ་གྱི་སྒོ་ར་དང་ཐབ་ཚང་སོགས་ཀྱི་གཙང་སྦྲའི་གནས་ཚུལ། ཁྱིམ་ཚང་གི་ཁོངས་མིའི་བསམ་པའི་ཉམས་འགྱུར་སོགས་ཀྱི་ཐད་དཔྱད་བསྡུར་བྱས་ནས་སྐར་མ་རྒྱག་གི་ཡོད་ཅེས་བཤད་།

གནད་སྨིན་དབུལ་སྐྱོར་མ་བྱས་གོང་། མེ་ཀོང་གྲོང་ཚོས“སྐོར་སྐྱོད་དར་དམར”སྤྱད་དེ་སྡོད་མལ་ཁོར་ཡུག་ལ་དཔྱད་བསྡུར་བྱེད་མྱོང་ཡོད། ཡིན་ནའང་ཕན་འབྲས་དེ་ཙམ་ཆེན་པོ་ཐོན་མེད། “གཙང་སྦྲ་དོད་པའི་ཁྱིམ་ཚང་ལ་རྟག་ཏུ་སྐོར་སྐྱོད་དར་དམར་རག་པ་དང་། གཙང་སྦྲ་མེད་པའི་ཁྱིམ་ཚང་ལ་སྐོར་སྐྱོད་དར་དམར་རག་གི་མེད་ལ་སྣང་འཇོག་ཀྱང་བྱེད་མཁན་མེད”ཅེས་ལི་ཧྲུའུ་ཞུང་གིས་བརྗོད་པ་དང་། ཁོང་གིས་འདི་ལོ་གྲོང་ཚོར“རྟ་མཆོག་དར་ཆ”དང“འབུ་སྐྱོགས་དར་ཆ”སྤྱད་དེ་དཔྱད་བསྡུར་བྱས་པ་བརྒྱུད། “དར་ཆའི”ནུས་པ་དངོས་ནས་ཡག་པོ་ཐོན་སོང་། གྲོང་མི་ཚོས་བཀལ་བའི“འབུ་སྐྱོགས་དར་ཆ”མི་བརླག་པ་བྱ་ཆེད། ད་དུང་གྲོང་ཚོས་དེ་མཚུངས་ཀྱི་གྲོང་སྲོལ་དམངས་ཆིངས་བཟོས་ཡོད་ཅེས་བཤད།

“ཉེ་འཁོར་ཚང་མ་གཙང་སྦྲ་དོད་པོ་འདུག་པས་གཙང་སྦྲ་མ་བྱས་ན་ངོ་ཚ་པོ་འདུག” ངས་ཉིན་ལྟར་ཐབ་ཚང་ནས་གཙང་སྦྲ་བྱེད་འགོ་ཚུགས་ཏེ་ལྟོ་ཆས་བཟས་རྗེས་དུས་ཐོག་ཏུ་ཕོར་པ་གཙང་མ་བཀྲུ་བ་དང་། ཉལ་ཁང་ལ་གཙང་སྦྲ་བྱས་པ་དང་འབྲེལ། གྱོན་གོས་བསྡུ་གསོག་དང་ཐ་མག་རོ་ཏོ་མ་ལུས་པ་གཙང་མ་བཟོ་གི་ཡོད། དེ་དང་ཆབས་ཅིག ད་ཆ་ཆང་རག་བཅད་པས་གྲུང་ཤ་ཡང་དོད་དུ་ཕྱིན་འདུག་ཅེས་ལི་དབན་མིང་གིས་བཤད།

ས་གནས་དེ་གའི་དབུལ་སྐྱོར་ལས་བྱེད་པའི་སྣེ་ཁྲིད་འོག ལི་དབན་མིང་གིས་ཀྲུང་ལུགས་སྨན་རྩྭ་འདེབས་འགོ་ཚུཌ་ཤིང་། ཁོ་བོས“འདི་ལོ་སྨན་རྩྭ་ཆིན་ཅུ་སྤྱི་རྒྱ་རེར་སྒོར12དང་ལྕ་བ་སྤྱི་རྒྱ་རེར་སྒོར་7རག་གི་འདུག་པས་དབུལ་སྒྲོལ་ཐུབ་པར་དཀའ་ངལ་མི་འདུག”ཅེས་བཤད།

ལི་དབན་མིང་གི་ཁྱིམ་གྱི་སྒོ་རྩར་ད་དུང“འབུ་སྐྱོགས་དར་ཆ”སེར་པོ་བཀལ་ཡོད་མོད། འོན་ཀྱང་ཁོང་གིས་ངས་མུ་མཐུད་མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་པ་དང་འབྲེལ། ཉེ་འཁོར་གྱི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས། ‘རྟ་མཆོག་དར་ཆ’སྔ་ཙམ་རག་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།