ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ནས་ཧྲེན་ཀྲིན་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

422962e6-0834-4ab8-9b83-609c89c4831e.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན་ནས་ཚེས10ཉིན་གྱི་བར་དུ།  ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་ཧྲིན་ཀྲིན་བར་གྱི་མཁའ་ལམ་ཤར་གཏོང་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་སྒོ་སྟེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཧྲིན་ཀྲིན་དུ་འཚོགས་པ་རེད།

ཐེངས་འདིའི་འོས་སྦྱོར་ལམ་བསྒྲགས་བྱེད་སྒོར་སེམས་ཀྱི་ཉི་ཟླའི་མི་རིགས་ཁྱད་ཆོས་དང་ས་གནས་ཁྱད་ཆོས་ལྡན་པའི་གོས་རྒྱན་དང་གླུ་དབྱངས། ཞབས་བྲོ་སོགས་ནས་བདེ་ཆེན་གྱི་རང་བྱུང་ཡུལ་ལྗོངས་དང་མི་རིགས་རིག་གནས།  ཡུལ་སྲོལ་གོམས་གཤིས་སོགས་ཧྲིན་ཀྲིན་གྱི་གྲོང་མི་རྣམས་ལ་འགྲེམ་སྟོན་བྱེད་པ་རེད།  ཡུལ་དངོས་སུ་ད་དུང་དྲིས་ལན་དང་བྱ་དགའ་རྒྱན་སྒྲུག་བྱེད་སྒོ་བཀོད་སྒྲིག་བྱེད་ཡོད་དེ་བྱ་དགའ་ནི་སེམས་ཀྱི་ཉི་ཟླའི་ལྗོངས་ཁུལ་འགའི་པཱ་སེ་དང་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་སོགས་ཡོད་པ་རེད།

c2706f2e-4532-4018-bb1a-b8247e1f7f46.jpg

13a9f7c3-da55-43d6-84a3-92038519f970.jpg

2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་།  ཧྲིན་ཀྲིན་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཁའ་ལམ་ཤར་གཏོང་བྱེད་རྒྱུ་རེད།  མཁའ་ལམ་དེ་ཤར་གཏོང་ཐུབ་ན་ཧྲིན་ཀྲིན་ནས་བདེ་ཆེན་བར་གྱི་བར་ཐག་ཐུང་ངུར་གཏོང་རྒྱུ་ཡིན་པ་དང་།  ས་གནས་གཉིས་ཀའི་ཡུལ་སྐོར་དར་འཕེལ་ལ་སྐུལ་ཁྲིད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།