ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་འགོ་ཚུགས་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅིའང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན།  ཁུལ་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཀུའུ་ཁུན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་གཏོང་བ། ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས།  རང་ཁུལ་གྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཀྱི་དུས་འགོའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་རེད།  རང་ཁུལ་གྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་འགོ་ཁྲིད་ཚོ་ཆུང་དང་གྲ་སྒྲིག་ཚོ་ཆུང་ཁག་གི་ལས་འགན་བགོ་ལུགས་ཁྱབ་བསྒྲགས་བྱས་པ་མ་ཟད། འབྲེལ་བ་ཡོད་པའི་ལས་ཁུངས་སྒྱུར་བཅོས་གྱི་ཟིན་བྲིས་ལ་གྲོས་གླེང་བྱས་ཏེ། རང་ཁུལ་ཏང་སྲིད་ལས་ཁུངས་སྒྱུར་བཅོས་གྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།  

གྲོས་ཚོགས་ཀྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་མ་ལག་རང་བཞིན་དང་།  རྡོག་སྒྲིལ་རང་བཞིན།  བསྐྱར་འཛུགས་རང་བཞིན་ལྡན་པའི་གལ་ཆེའི་སྒྱུར་བཅོས་ཐེངས་ཤིག་ཡིན་ལ།   ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་གནད་ཆེན་ཞིག་ཡིན། ཏང་སྲིད་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་ཁུལ་ཡོངས་ཀྱི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱིས་དོ་ཁུར་དང་ལས་བྱེད་པས་སེམས་ཁུར། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་ཆེན་ཞིག་རེད།

ཞིང་ཨུས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གནད་ཆེའི་རྒྱས་བཤད་ཀྱི་དགོངས་དོན་གྱི་ངོ་བོ་དང་ནང་དོན་གཏིང་ཟབ་ལ་ཡང་དག་པའི་དམ་འཛིན་གནང་ནས།  ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་གཏན་ལ་ཕབ་པའི་མཛུབ་སྟོན་བསམ་བློ་དང་། སྒྱུར་བཅོས་ཀྱི་རྩ་དོན། དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཐབས། ལས་ཀ་བྱེད་སྟངས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བླང་བྱ་དེ་རང་ཁུལ་ལས་ཁུངས་སྒྱུར་བཅོས་ཀྱི་སྟེང་དུ་ཐོན་པར་བྱས་ནས།   ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། གོམ་སྟབས་གཅིག་གྱུར་གྱི་སྒོ་ནས་དམ་འཛིན་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་བཤད་གནང་དོན། ད་རེས་ཀྱི་ལས་ཁུངས་སྒྱུར་བཅོས་བྱེད་སྐབས་ཆབ་སྲིད་ཀྱི་རང་བཞིན་དང་། སྲིད་ཇུས་རང་བཞིན། ལས་རིམ་རང་བཞིན་གྱི་བླང་བྱ་མཐོ་བས། ངེས་པར་དུ་ཀྲུང་དབྱང་དང་ཞིང་ཨུའི་སྒྱུར་བཅོས་ཀྱི་དགོངས་དོན་ཁོང་དུ་ཆུད་པ་དང་། སྒྱུར་བཅོས་ཀྱི་གཞི་རྩའི་རྩ་དོན་དང་། ཁ་ཕྱོགས་དམ་འཛིན་བྱེད་དགོས། གཅིག་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བཟང་སྒྲིག་དང་མཐུན་སྦྱོར་ནུས་པ་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་འགོ་ཁྲིད་འོག་ས་གནས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་རྒྱུན་འཁྱོངས།   ཁྲིམས་སྐྱོང་བྱེད་ཐབས་ཀྱི་སྒོ་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་མཐའ་འཁྱོངས་དྲུག་གིས་ལས་ཁུངས་སྒྱུར་བཅོས་ལ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གཉིས་ནས་ལས་ཁུངས་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་བརྟན་པོར་ཆུད་དགོས།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མིག་མངས་འགྲིག་སྐོར་གཅིག་མཐའ་འཁྱོངས་བྱས་ནས། ཏང་སྲིད་བར་གྱི་འབྲེལ་བ་དང་། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ། གཅིག་གྱུར་དང་ཁག་བགོས་བའི་བར་གྱི་འབྲེལ་བ།  མིག་སྔར་དང་ཕུགས་ཡུན། ཆ་ཤས་དང་སྤྱི་ཡོངས། ཆེ་ཆུང་།  བཟང་སྒྲིག་དང་མཐུན་སྦྱོར་གྱི་འབྲེལ་བ་སོགས་ཐག་གཅོད་ཡང་དག་བྱེད་དགོས།  

དཔལ་འབྱོར་འཕེལ་རྒྱས་འོས་མཚམས་དང་སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་བཅས་ཀྱི་ཡུན་རིང་དགོས་མཁོ་ལ་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་སྔར་ལས་ལྷག་པར་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། གཅིག་གྱུར་དང་མཐུན་སྦྱོར་ལེགས་པོར་སྒྲུབ་ནས། ལྟ་སྐུལ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ལམ་གྱི་བླང་བྱ་ལྟར་སྒྱུར་བཅོས་ལས་ཀ་ཁག་ཁ་གསལ་ཅན་དང་གཟབ་ནན་ཅན་དུ་གཏོང་དགོས།  ཁུལ་ཡོངས་ཀྱི་ཚན་པ་ཁག་གི་ལས་ཁུངས་བསྒྱུར་བཅོས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། དུས་ལྟར་སྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱུང་དུ་འཇུག་དགོས།   

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱུན་ལས་ཁུལ་དཔོན་གཞོན་པ་མཱང་ཧྲའོ་པིའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་ཨུའི་དྲུང་ཆེན་དབྱང་ཙི་ཅང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུན་སུང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེན་ཕུའུ་ཅང་། ཁུལ་སྲིད་གཞུང་གིས་སྐོར་གཟིགས་པ་གཞོན་པའི་ཐོབ་ཐང་ལོངས་སྤྱོད་ཨོ་རྒྱན་བསྟན་འཛིན་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད། ཁུལ་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་དང་གཞུང་དོན་ཁང་གི་ཁོངས་མི་ཡོངས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རྫོང་གསུམ་དང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་སོགས་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།