ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་སྒྲོག་འགྲེལ་སྤེལ་བ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐབས་ཐོག་མའི་བདེ་ཆེན་ཁུལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་སྒྲོག་འགྲེལ་དེ་ཁུལ་ཨུའི་སྙན་ཞུ་ཁང་ནས་སྤེལ་བ་རེད།

སྙན་ཞུའི་གྲོས་ཚོགས་ཐོག ཁུལ་རིམ་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སྟེ་ཁུལ་ཨུའི་ཏང་གི་སློབ་གྲྭའི་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཅིན་ལེན་ཧྥང་གིས་བདེ་ཆེན་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40 འཁོར་བར་ཕྱིར་དྲན་དང་རྒྱང་ལྟ་ཞེས་པའི་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།

2018ལོ་ནི་རང་རྒྱལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་འཁོར་ཡིན་ལ། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40 རིང་གི་རླབས་ཆེན་གྲུབ་འབྲས་གང་ལེགས་མངོན་པ་བྱ་ཆེད་དང་། ལོ40ཡི་རིང་རང་ཁུལ་གྱི་འགྱུར་ལྡོག་ཆེན་མོ་མངོན་པའི་ཆེད་དུ། རང་ཁུལ་གྱིས་ཟླ11པའི་ཟླ་དཀྱིལ་ནས་ཟླ12པའི་ཚེས31བར་དུ་ཁོངས་ཡོངས་ཀྱི་མངའ་ཁཕངས་སུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་།ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ནི་བདེ་ཆེན་ཁུལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་རྟེན་འབྲེལ་ཞུས་པ་ཞེས་པ་དེ་ཡིན། སྒྲོག་འགྲེལ་བྱ་འགུལ་དེ་རིམ་པ་མང་བ་དང་རྣམ་པ་མང་བའི་བྱ་ཐབས་སྤྱད་ནས་སྤེལ་བ་དང་།  ཁུལ་དང་རྫོང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་སྲིད་ལས་ཁུངས་སུ་ཁྱབ་པ་རེད།སྒྲོག་འགྲེལ་བྱ་སྤྱོད་འདི་བྱེད་སྒོ་འདི་ཉིད་རིམ་པ་མང་བ་དང་རྣམ་པ་མང་བ།  བྱེད་ཐབས་མང་བོ་བཅས་ཀྱི་སྒོ་ནས་སྤེལ་བས་མི་སེམས་གཅིག་སྒྲིལ་དང་འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་ལ་སྐུལ་འདེད། འཆམ་མཐུན་ལ་སྐུལ་འདེད་སོགས་ལ་ནུས་པ་འདོན་པར་བྱས་ནས། ཀྲུང་གོའི་ཕུགས་འདུན་བདེ་ཆེན་གྱི་ལེ་ཚན་གསར་བ་འབྲི་བར་ནུས་ཤུགས་འདོན། །                       

རྩོམ་སྒྲིག་པ། : ཀླུ་མོ་མཚོ།