ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་གྲོང་ཚོ་རིགས་ལྔ་སྐྲུན་ནས་གྲོང་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས2020ལོའི་བར། བདེ་ཆེན་ཁུལ་གྱིས་ཤང་གྲོང་གི་གནས་ཚུལ་མི་འདྲ་བར་གཞིགས་ནས། དུས་ཡུན་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་གྲོང་ཚོ་རིགས་ལྔ་སྐྲུན་པ་དང་། ཕྱོགས་ཡོངས་ཀྱིས་གྲོང་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་ནས། མཛེས་སྡུག་བདེ་སྡོད་ཀྱི་གྲོང་ཚོ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཡུལ་སྐོར་ཁྱད་ལྡན་ཅན་གྱི་གྲོང་ཚོ། བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ཐོན་ཁུངས་དང་མི་རིགས་རིག་གནས་ཕུན་སུམ་ཚོགས་པ། རང་བྱུང་ཁོར་ཡུག་མཛེས་པ། འགྲིམ་འགྲུལ་སྟབས་བདེ་བའི་གྲོང་ཚོ་རུ་འཚོ་བའི་གད་སྙིགས་གཙང་བཅོས་ཀྱི་མ་ལག་ཁྱོན་ཡོངས་སུ་ཁྱབ་པ་དང་། ཡུལ་སྐོར་གཞི་རྩའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། གྲོང་ཚོའི་རྣམ་པ་དང་ཁྱད་ཆོས་མངོན་གསལ་དོད་པ་སོགས་བྱས་ནས།    2020ལོར་ཁུལ་ཡོངས་ཀྱིས་འདི་ལྟ་བུའི་གྲོང་ཚོ11ཡན་འཛུགས་སྐྲུན་བྱེད་རྒྱུ།

མཛེས་སྡུག་བདེ་སྡོད་ཅན་གྱི་གྲོང་ཚོ། བདེ་ཆེན་ཁུལ་གྱིས་རིམ་པ་མཐོ་བའི་གཞུང་ལམ་དང་།    གལ་ཆེའི་ཡུལ་སྐོར་གཞུང་ལམ་སོགས་མི་ཚོགས་བསྡུས་པ་དང་།   འཕེལ་རྒྱས་ཆ་རྐྱེན་ཅུང་ལེགས་པའི་གྲོང་ཚོ་རུ་འཚོ་བའི་གད་སྙིགས་གཙང་བཅོས་ཀྱི་མ་ལག་ཁྱོན་ཡོངས་སུ་ཁྱབ་པ་དང་།         ཁྱོན་ཡོངས་ནས་གནོད་མེད་སྤྱོད་ཁང་ལེགས་འགྲུབ་སོགས་བྱས་ནས། 2020ལོར་རིགས་འདི་ལྟ་བུའི་གྲོང་ཚོ7ཡན་ལེགས་འགྲུབ་བྱུང་རྒྱུ་རེད།

མཐོར་འདེབས་ལེགས་བཅོས་ཅན་གྱི་གྲོང་ཚོ། བདེ་ཆེན་ཁུལ་གྱིས་རྨང་གཞི་ལྡན་པ་དང་།        འགྲིམ་འགྲུལ་ཅུང་སྟབས་བདེ་བ། མི་འབོར་ཅུང་གཅིག་བསྡུས་ཡིན་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ངེས་ཅན་ལྡན་པའི་གྲོང་ཚོ་དེ་གད་སྙིགས་རྣམས་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་རྒྱུ་མངོན་འགྱུར་དང་། 85%ཡན་གྱི་ཞིང་དུད་གྱི་གནོད་མེད་ཅན་གྱི་སྤྱོད་ཁང་ལེགས་འགྲུབ་སོགས་བྱས་ནས། གྲོང་ཚོའི་རྣམ་པ་མངོན་གསལ་གྱི་ལེགས་བཅོས་བྱུང་རྒྱུ། 2020ལོར་ཁུལ་ཡོངས་ཀྱིས་འདི་ལྟ་བུའི་གྲོང་ཚོ10ཡན་འཛུགས་སྐྲུན་བྱེད་རྒྱུ།

རང་བྱུང་རི་ཆུ་ཅན་གྱི་གྲོང་ཚོ། བདེ་ཆེན་ཁུལ་གྱིས་རི་བོ་དང་ཆུ་ཀླུང་། རང་བྱུང་མཛེས་ལྗོངས། སྐྱེ་ཁམས་ལེགས་པོའི་གྲོང་ཚོས་འཚོ་བའི་གད་སྙིགས་གཞི་རྩའི་ཐོག་ནས་ཐག་གཅོད་བྱེད་རྒྱུ་མངོན་འགྱུར་བྱུང་སྟེ། 50%ཡན་གྱི་ཞིང་དུད་ཀྱིས་གནོད་མེད་སྤྱོད་ཁང་ལེགས་བཅོས་བྱེད་ཚར་རྒྱུ།

གྲལ་དག་གཙང་མ་ཅན་གྱི་གྲོང་ཚོ། བདེ་ཆེན་ཁུལ་གྱིས་གཞི་ཁྱོན་ཆུང་བ་དང་།  ཁ་ཐོར་ཡིན་པ། དཔལ་འབྱོར་ཅུང་དར་རྒྱས་མེད་པའི་གྲོང་ཚོ་ལ་ཐོག་མར་ཞིང་པའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཚོ་བའི་གད་སྙིགས་གཞི་རྩའི་ཐོག་ནས་ཐག་གཅོད་བྱེད་རྒྱུ་དང་། གནོད་མེད་སྤྱོད་ཁང་ལེགས་བཅོས་མངོན་གསལ་ཡིན་པ་དང་གྲོང་ཚོའི་རྣམ་པ་གཙང་མ་ཡིན་པ་མངོན་འགྱུར་དུ་འགྲུབ་རྒྱུ། །        

རྩོམ་སྒྲིག་པ། : ཀླུ་མོ་མཚོ།