ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཞིང་ལས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་འཆར་འགོད་གཞིར་བཟུང་།    མ་འོངས་པའི་ལོ་དུ་མ་རིང་། བདེ་ཆེན་ཁུལ་གྱིས་གཙོ་བོར་རྒུན་འབྲུམ་དང་།  སྨན་རྩྭ།  ཁྱད་ལྡན་འདེབས་གསོ། བཟའ་བྱའི་ཤ་མོ།  སྔོ་ཚལ། ནས།  ཤིང་རིགས་སྣུམ་རྫས་སོགས་ཞིང་ལས་ཁྱད་ལྡན་ཐོན་ལས་ལ་ཤུགས་བསྣན་བརྒྱབ་ནས། 2022ལོར་ཁུལ་ཡོངས་ཀྱིས་གཞི་རྩའི་ཐོག་ནས་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་སྐྲུན་པ་དང་། ལོ་རེའི་འདེབས་འཛུགས་དང་གསོ་སྤེལ་རིན་ཐང་སྒོར་དུང་ཕྱུར་35དང་ཞིང་ལས་ཐོན་རྫས་ལས་སྣོན་གྱི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར45ཡན་གྱི་དམིགས་འབེན་མངོན་འགྱུར་བྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཁྱད་ལྡན་ཐོན་ལས་བདུན་པོ་འདི་བདེ་ཆེན་ཁུལ་གྱིས་གྲོག་རོང་དང་རི་ཁུལ། ཆུ་རགས་ཁུལ་བཅས་ས་ཁུལ་གྱི་མི་མཐུན་པའི་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་གཞིར་བཟུང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན་གྱི་ཁ་ཕྱོགས་ལྟར། གཅིག་གྱུར་གྱིས་འཆར་འགོད་དང་ལེགས་འགྱུར་བྱས་རྗེས་ས་གནས་ཀྱི་དོན་དངོས་དང་མཐུན་ཞིང་། ལྟོས་བཅས་ཀྱི་དགེ་མཚན་ཆེ་བའི་ཐོན་ལས་སྐྲུན་རྒྱུ་རེད།

འཆར་འགོད་ལྟར་ན། 2020ལོར་སླེབས་སྐབས་སུ་ཁུལ་ཡོངས་ཀྱི་རྒུན་འབྲུམ་འདེབས་འཛུགས་ཀྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི6འཛུགས་སྐྲུན་བྱེད་རྒྱུ་དང་། ལོ་རེའི་ཐོན་འབབ་ནི་རྒུན་འབྲུམ་ཏུན་ཁྲི3ཡན་ཡིན་ལ། ལོ་རེའི་འདེབས་འཛུགས་ཐོན་ཚད་ནི་སྒོར་དུང་ཕྱུར1.7དང་ལས་སྣོན་ཐོན་ཚད་ནི་སྒོར་དུང་ཕྱུར15.8མངོན་འགྱུར་བྱེད་རྒྱུ།

སྨན་རྩྭ་ཐོན་ལས་ནི་ཡུན་ནན་པའེ་ཡའོ་སོགས་ལ་བརྟེན་ནས།བདེ་ཆེན་འདི་ཉིད་རྒྱལ་ནང་གི་སྨན་རྩྭའི་ཐོན་ཁུལ་གྱི་གྲས་སུ་འཛུགས་སྐྲུན་བྱེད་རྒྱུ།

ཁྱད་ལྡན་གསོ་སྤེལ་ཐོན་ལས་ཀྱིས་བདེ་ཆེན་ཁུལ་གྱི་ས་མཐོའི་ནོར་ནག་དང་བདེ་ཆེན་བོད་ཕག ཉི་ཤར་བྱ་སོགས་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་མུ་མཐུད་དུ་ཐོན་ལས་སྤྲེལ་ཐག་དང་ནར་འགྱངས་བྱས་ནས། ཐོན་རྫས་ཀྱི་རིན་ཐང་མཐོར་འདེགས་གཏོང་རྒྱུ།

བཟའ་བྱའི་ཤ་མོའི་ཐོན་ལས་ནི་གཙོ་བོ་བེ་ཤ་སོགས་བཟའ་བྱའི་རི་སྐྱེས་ཤ་མོ་འཐུ་བ་དང་ལས་སྣོན། མིས་བཟོས་ཤ་མོའི་འདེབས་འཛུགས་སོགས་ལ་ཤུགས་བསྣན་རྒྱུ།

སྔོ་ཚལ་ཐོན་ལས་ནི་ས་གནས་ཀྱི་དགོས་མཁོ་སྐོང་བ་དང་།  ས་འབྲེལ་བོད་ཁུལ་དང་རྒྱལ་ནང་གི་རྩེར་སོན་ཚོང་རར་མཁོ་སྤྲོད་བྱེད་རྒྱུ་དེ་དམིགས་འབེན་བྱེད་རྒྱུ།

ནས་ཀྱི་ཐོན་ལས་ནི་ནས་ཆང་དང་ནས་ཀྱི་ཟས་རིགས་ལས་སྣོན་སོགས་བརྒྱུད་ནས། ནས་ཀྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

ཤིང་རིགས་སྣུམ་རྫས་ཐོན་ལས་ནི་གཙོ་བོ་རང་ཁུལ་གྱི་རྫ་ཆུ་དང་འབྲི་ཆུའི་རྒྱུག་ཁུལ་གྱི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་ཤུགས་ཆེན་གྱིས་སྟར་ཀ་དང་སྐྱུ་རུའི་སྣུམ་སོགས་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། །                                  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།