ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་ས་བབ་ཆགས་ཚུལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20181122100120.jpg

ཡུལ་གང་ཞིག་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་དགོས་ན་དེའི་ས་བབ་ཆགས་ཚུལ་དང་ནམ་ཟླ།  མཁའ་དབུགས།  རིག་གནས་དང་ལོ་རྒྱུས་སོགས་ཤེས་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་རེད།  འདིར་བདེ་ཆེན་ཡུལ་གྱི་ས་བབ་ཆགས་ཚུལ་སྐོར་ཞིབ་ཕྲའི་སྒོ་ནས་ངོ་སྤྲོད་གནང་བ་ལ།  

བདེ་ཆེན་གྱི་ས་བབ་ནི་རི་སྣ་གསུམ་གྱིས་གཙང་བོ་གཉིས་བསྡམས་འདུག་ཅེས་སྤྱི་ཕྱོགས་ནས་འདི་ལྟར་བཤད་ཆོག   བདེ་ཆེན་མངའ་ཁོངས་ནང་གི་རི་མཐོ་ཞིང་གཞོངས་པའི་ཕུ་རིང་བ།   རི་ཕྲེང་བསྟར་དུ་བསྒྲིགས་ནས།    རི་ཁུལ་དང་།   འབའ་འབུར།     གད་པའི་རིམ་པ་སོགས་ཆུ་གཞོང་དང་བསྣོལ་མཚམས་ཀྱིས་ཁྱབ་ཡོད།    ས་བབ་ཀྱི་གྲུབ་ཚུལ་དེ་བར་ཁྱད་ཆེ་ཞིང་།   ཆེས་དམའ་ས་ནི་འབའ་ལུང་རྫོང་ཝེ་ཏིང་ཤང་ཞའོ་ཏེན་གྲོང་ཚོའི་པུས་ཡུས་ཆུ་བོ་དེ་ཟླ་ཆུར་འབབ་ས་དེ་ཡིན་པ་དང་།  རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི1486ཡོད།   ཆེས་མཐོ་ས་ནི་འཇོལ་རྫོང་གི་རི་ཁ་བ་དཀར་པོ་ཡིན་ལ།   རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི6740ཡོད།

微信图片_20181122100123.jpg

བདེ་ཆེན་ཡུལ་དུ་གང་སར་གངས་རི་དང་ནགས་རི།  རྫ་རིའི་བརྒྱན་པའི་མཛེས་པ་མཐོང་ཐུབ།

རི་ཁུལ་གྱི་ཆགས་ཚུལ་ངོས་ནས་བཤད་ན།   རིགས་གསུམ་ཡོད་དེ།  རིའི་མཐོ་ཚད་འབྲིང་ཙམ་པ་སྟེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1503ནས་སྨི3500བར་ཡིན།  རི་ཁུལ་ཅུང་མཐོ་བ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ནས་སྨི4000བར་གྱི་རི་དང་རི་མཐོན་པོའི་བར་མཚམས་ཡིན།   རི་མཐོན་པོ་ཅན་སྟེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3500ནས་སྨི5000ཅན་དང་།   རི་ཧ་ཅང་མཐོ་བ་ཅན་སྟེ་སྨི5000ཡན་གྱི་རི་མཐོ་བཅས་ཡིན།  

བདེ་ཆེན་གྱི་གྲོག་རོང་གི་རྣམ་པ་ནི་ཅུང་མངོན་གསལ་ཆེ་བ་ཞིག་ཡིན་སྟེ།   འབྲི་ཆུ་དང་ཟླ་ཆུའི་འགྲམ་རྒྱུད་གཉིས་ཀྱི་གྲོང་རོང་རིང་ཞིང་བརྗིད་ཉམས་ཆེ་ལ།   བྱང་ནས་ལྷོ་བར་ཁུལ་ཡོངས་ཀྱི་ས་ཆ་ཟིན་ཡོད།   འགྲམ་ངོགས་གཉིས་ཀྱི་གཟར་ངོས་བར་ཁྱད་ཆེ་ལ།  གཙང་བོ་གཉིས་ཕན་ཚུན་བསྣོལ་མར་འདྲེས་པའི་གྲོག་རོང་ཡང་མང་བས་འཛམ་གླིང་ཡུལ་གྲུ་གཞན་ན་མཐོང་དཀོན་པའི་མཐོ་སྒང་གི་ཁྱད་མཚར་བའི་གྲོག་རོང་གི་རྣམ་པ་ཞིག་གྲུབ་ཡོད་འདུག   

微信图片_20181122100126.jpg

མཛེས་སྡུག་ལྡན་པའི་ཕ་ཁྱིམ།

བདེ་ཆེན་གྱི་མངའ་ཁོངས་ནང་སྟག་མཆོང་གྲོག་རོང་དང་། རྫ་ཆུ་དེ་འཇོལ་རྫོང་གི་ཧྥའོ་ཧྲན་ཤང་ནས་ཡན་མེན་བར་བཞུར་བའི་གྲོང་རོང་ཡོད་ཅིང་དེ་ལ་རྫ་ཆུའི་གྲོག་རོང་ཆེན་མོ་ཟེར་ལ་རིང་ཚད་ལ་སྟོང་སྨི100ལྷག་ཡོད་པ་རེད།    གཞན་འབྲི་ཆུའི་རིམ་པ་དང་པོའི་ཡན་ལག་བཞུར་རྒྱུན་ཁྲོད་དུ།   སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་མོ་སྟེ།  སྐད་ཚགས་ས་ཆ་ནས་ཉི་ཤར་འབའ་ལྷག་དཀར་འཛོམས་གྲོག་རོང་གཉིས་ཀྱིས་གྲུབ་པའི་གྲོག་རོང་ཡང་ཡོད་པ་རེད།   

微信图片_20181122100129.jpg

ཤམ་བྷ་ལ་གྲོག་རོང་ཆེན་མོ།

བདེ་ཆེན་ཡུལ་དུ་ད་དུང་གནའ་བོའི་འཁྱག་རོམ་མང་ཞིང་།   འཇོལ་རྫོང་དང་སེམས་ཀྱི་ཉི་ཟླའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡན་གྱི་གངས་རིའི་ཁྲོད་སོ་སོར་ཁྱབ་ཡོད།   དེ་དག་ལས་རྒྱ་ཁྱོན་ཆེས་ཆེ་ཤོས་ནི་ཁ་བ་དཀར་པོ་ནས་སྨན་བཙུན་མོའི་བར་གྱི་དེང་སང་གི་འཁྱག་རོམ་དེ་ཡིན།   རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ73.5ཡོད།   སེམས་ཀྱི་ཉི་ཟླ་ཧ་པ་རི་བོའི་འཁྱག་རོམ་གྱི་རྣམ་པ་ཆེས་ཆུང་ཞིང་།   རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2.1ལས་མེད།  

微信图片_20181122100133.jpg

དགའ་ལྡན་སུམ་རྩེན་གླིང་།

བདེ་ཆེན་ཡུལ་དུ་རྒྱ་ཆེ་བའི་ཐན་སྐྱུར་ཚ་གསུམ་རིགས་ཀྱི་བྲག་རྡོ་དང་།   འཁྱག་རོམ་སོགས་ཀྱི་ནུས་པར་བརྟེན་ནས།  ཁྱད་མཚར་བའི་མཐོ་སྒང་གི་བྲག་ཞུན་རྣམ་པ་ཞིག་གྲུབ་ཡོད་པ་རེད།  ཤྭ་ཁ་རི་བོ་དང་།   ཆུ་དཀར་ཆུ་ནག    མྱི་ཟུར་གྱི་མུ་ཏིག་ཐང་།      སྐད་ཚགས་ཡུལ་གྱི་ལྷ་མིའི་དུང་ལམ།         མྱི་ཟུར་གྱི་འཕགས་མོ་གནས།  འབའ་ལུང་གི་ཕ་དམ་པ་སངས་རྒྱས་ཀྱི་གནས།   འཇོལ་རྫོང་བྲག་ཞབས་ཀྱི་བྲག་རྡོའི་དུང་ལམ་སོགས་ཡོད་ལ།   འདི་དག་ནི་ད་དུང་ཡུལ་འདིའི་དད་ལྡན་པས་མཇལ་སྐོར་བྱེད་སའི་གནས་འགངས་ཆེན་དུ་ཡང་གྱུར་ཡོད།       微信图片_20181122100137.jpg

མེ་ལོང་འཁྱགས་རོམ།

微信图片_20181122100141.jpg

ཆུ་དཀར་ཆུ་ནག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།