ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཞུགས་ཚོང་པས་བདེ་ཆེན་གྱི་ཁེ་ལས་དང་མཉམ་འབྲེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་འཛམ་གླིང་ཐོག་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་ཤིང་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཆེ་གྲས་ཤིག་ཡིན་ལ།   འགྲེམས་ཚོགས་དང་གླེང་སྟེགས་ཁག་གཉིས་འདུས་ཡོད།    རྒྱལ་ཁབ་དང་ས་ཁུལ130 ལྷག་ནས་ཡོང་བའི་ཁེ་ལས3000ལྷག་འགྲེམས་ཚོགས་ནང་ཞུགས་ཡོད།  ཐོན་རྫས་གསར་པ་དང་ལག་རྩལ་གསར་པ100ལྷག་ཐེངས་འདིའི་སྟོན་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཡོད།   

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཙི་ནོང་རུན་ཏེན་མཁོ་སྤྲོད་སྦྲེལ་ཐག་དོ་དམ་ཚད་ཡོད་ཀུང་སི་ནི2018ལོའི་ཟླ10པར་སེམས་ཀྱི་ཉི་ཟླ་བཙུགས་པ་ཞིག་རེད།    གཙོ་བོ་སྤུས་ལེགས་སྐྱེ་ཁམས་ཞིང་ནགས་ལས་ཐོན་རྫས་གཙོ་བྱས་ནས།  སྤུས་རྟགས་གསར་བསྐྲུན་དང་།   ཕྱི་འདྲེན་དང་ནང་འདྲེན་ཐོན་རྫས་ལས་སྣོན་ཞིབ་ཚགས།     ཞིང་ལས་ཡུལ་སྐོར།    མི་རིགས་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་བར་འབད་ཀྱི་ཡོད།  བསམ་བློ་ཡང་ཡང་བཏང་རྗེས།    ཀུང་སིའི་འདིའི་འགན་འཁུར་བ་ཐང་ཡུའེ་ཡིས་ཏ་ཧྲང་མ་རྐང་ཚད་ཡོད་ཀུང་སི་ཏ་ལེན་ཨོ་ཉུག་སྐམ་ཤ་ཡན་ལག་ཀུང་སི་དང་ཨ་སྒོར་ཁྲི700ཡི་ཉོ་སྒྲུབ་གན་རྒྱ་བཀོད་པ་རེད།   བདེ་ཆེན་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་དབྱི་ལུང་གིས་བཤད་དོན།   ཐེངས་འདིར་འགྲེམས་ཚོགས་ལ་ཞུགས་པས་ཉམས་མྱོང་མང་པོ་ཞིག་ཐོབ་བྱུང་།   

འགྲེམས་ཁུལ་ནས་ང་ཚོས་རྒྱལ་སྤྱིའི་ཆེས་སྔོན་ཐོན་གྱི་སྨན་བཅོས་ཡོ་བྱད་དང་།   ཆེས་བཟང་བའི་སྨན་རྫས་མང་པོ་ཞིག་མཐོང་བྱུང་།  འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་ངོས་ནས་བཤད་ན།    འདི་དག་ནི་ང་ཚོར་ཆེས་མཁོ་བ་ཞིག་རེད།    སྔོན་ཐོན་གྱི་སྒྲིག་ཆས་ལས་ང་ཚོས་རང་གི་ཞན་ཆ་ལ་ཁ་གསབ་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་རེད།   འགན་འཁུར་མི་སྣ་སུང་ཡུང་ཞིན་གྱིས་བཤད་ན།  བདེ་ཆེན་ཁུལ་གྱིས་སླད་ཕྱིན་རིམ་པ་གསུམ་པའི་སྨན་ཁང་ལེགས་གྲས་འཛུགས་སྐྲུན་བྱ་ཆེད།   ང་ཚོས་ད་ཐེངས་ཀྱི་འགྲེམས་ཚོགས་འདིའི་གོ་སྐབས་དང་བསྟུན་ནས།    ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད་དེ།    མ་འོངས་པའི་ལོ་གསུམ་རིང་གི་ཉོ་སྒྲུབ་འཆར་འགོད་ལ་མིང་རྟགས་བཀོད་ཡོད།     གཙོ་བོ་ཉིང་རྡུལ་གློག་པར་དང་།   ཕའེ128ཅན་གྱི CT      དེ་བཞིན་སྙིང་གི་ཁྲག་རྩའི་ཚོན་ལྡན་ཚད་བརྒལ་སྒྲ་རླབས་དང་།   འཁྱེར་བདེའི་ཚོན་ལྡན་སྒྲ་རླབས་སོགས་ཡོད།    གཙོ་བོ་ཧྥེ་ལི་ཕུའུ་ཀུང་སི་དང་སྒྲིག་ཆས་ཆེན་པོ་ལྔ་ཡི་ཉོ་སྒྲུབ་འདོད་བློ་ཡོད་པའི་གན་རྒྱ་བཞག་པ་དང་།   སྤྱིའི་རིན་ཐང་ལ་ཨ་སྒོར་ཁྲི750ལྷག་རེད།  འདི་དག་གིས་མཐོ་སྒང་མང་ཚོགས་ལ་ཞབས་འདེགས་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་རེད་ཟེར།  

བདེ་ཆེན་ཅིན་ཅན་ཡོན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་ཁེར་གྷི་སི་ཐན་གྱི་ཀུང་སི་ཞིག་གིས་མ་རྩ་ལ་ཨ་སྒོར་ཁྲི160ཡོད་པའི་ཞོག་ཁོག་དང་ཤིང་འབྲས་ཀྱི་མ་རྒྱུ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་རེད། བདེ་ཆེན་ཁུལ་གྱི་ཁེ་ལས་ཁག་གིས་ནན་ཏན་གྱིས་ལྟ་ཞིབ་བྱས་ནས།   ལྟ་སྐོར་དང་ངོ་འཕྲད་གྲོས་མོལ་བརྒྱུད་དེ་ཉོ་སྒྲུབ་འདོད་བློ་ཡོད་པའི་གན་རྒྱ་མང་པོ་འཇོག་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།