ཀྲུང་གོ་བོད་ཀྱི་དྲ་བ།

འབའ་ལུང་རྫོང་བདེ་ཆེན་ཁུལ་གྱི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ལ་འགྱུར་བའི་དཔེ་སྟོན་རྫོང་ཐོག་མར་གྱུར།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རྫོང12ཡུན་ནན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱ་རྒྱུའི་གཏན་ཁེལ་བྱས་ཤིང་། འབའ་ལུང་རྫོང་ནི་བདེ་ཆེན་ཁུལ་གྱི་ཚན་རྩལ་གྲུབ་འབྲས་འགྱུར་བའི་རྫོང་ཐོག་མར་གྱུར་བ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་ཟླ8པར་ཡུན་ནན་ཞིང་ཆེན་གྱིས་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་འགྱུར་བའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ་ལ་སྐུལ་སྤེལ་བྱས་ཤིང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་དཔེ་སྟོན་རྫོང་འཛུགས་སྐྲུན་ནང་ཚུད་པའི་རྫོང་ལ་མི་འགྱང་བར་རིགས་ལྔའི་སྒོ་ནས་རིགས་དབྱེའི་ཁྲིད་སྟོན་དང་རོགས་སྐྱོར་ཤུགས་སྣོན་བྱ་རྒྱུ་ཡིན་པ་རེད། དུས་མཚུངས་སུ་དཔེ་སྟོན་རྫོང་གི་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་ཁྲིད་སྟོན་གྱི་ཤུགས་ཆེ་རུ་བཏང་ཞིང་། དཔེ་སྟོན་རྫོང་རེར་སྒོར་ཁྲི200ཡི་གྲོན་དངུལ་བཀོད་སྒྲིག་བྱས་ཡོད་པ་རེད། དེའི་ཁྲོད་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་ཐོག་མའི་འཛུགས་སྐྲུན་མ་རྩ་སྒོར་ཁྲི་50བཀོད་སྒྲིག་བྱས་པ་རེད། འཛུགས་སྐྲུན་བྱས་ནས་ལོ་གཅིག་འགོར་རྗེས་བར་དཀྱིལ་གྱི་དཔྱད་ཞིབ་ཐེངས་གཅིག་བྱ་རྒྱུ་ཡིན་ལ། དཔྱད་ཞིབ་བྱས་རྗེས་ཚད་གཞི་དང་མཐུན་པ་ཡིན་ན་སླར་ཡང་འཛུགས་སྐྲུན་གྲོན་དངུལ་སྒོར་ཁྲི50བཀོད་སྒྲིག་བྱ་རྒྱུ་ཡིན་ལ། ཚད་གཞི་དང་མི་མཐུན་ན་འཛུགས་སྐྲུན་མཚམས་འཇོག་བྱེད་རྒྱུ་ཡིན་པ་རེད། འཛུགས་སྐྲུན་གྱི་དུས་ཡུན་ལོན་རྗེས་དཔྱད་ཞིབ་བྱས་ནས་ཚད་གཞི་དང་མཐུན་པ་ཡིན་ན་ལྷག་ཡོད་པའི་གྲོན་དངུལ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། དཔྱད་ཞིབ་བྱས་རྗེས་ཚད་གཞི་དང་མ་མཐུན་ན་ལྷག་ཡོད་པའི་གྲོན་དངུལ་བཀོད་སྒྲིག་མི་བྱེད་པ་མ་ཟད། དཔེ་སྟོན་རྫོང་གི་འཛུགས་སྐྲུན་གྱི་མིང་ཐོ་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད། 

འབའ་ལུང་རྫོང་ནི་དམངས་འཚོ་བདེ་སྐྲུན་གྱི་དཔེ་སྟོན་རྫོང་ཡིན་པའི་ཆ་ནས་མ་འོངས་པར་ས་ཁུལ་གྱི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ཞིང་བའི་ཐོན་རྫས་ལས་སྣོན། གྲོང་ཚོའི་གློག་རྡུལ་འཚོང་དོན། སྐྱེ་དངོས་སྨན་བཅོས་སྨན་རྫས་དང་བདེ་ཐང་ ཉི་ནུས་དང་རླུང་ནུས། ཆུ་གློག་གི་ནུས་པ་དང་གཏེར་ལས་ཐོན་རྫས་སོགས་ལ་དམིགས་ནས་ནུས་ཁུངས་གསར་སྤེལ་གྱིས་དམངས་འཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཡིན་ལ། རྒྱལ་ནང་དང་ཞིན་ཆེན་ནང་ཁུལ་གྱི་ཚད་ལྡན་དང་བཀོལ་བར་མཚམས་པ། དཔལ་འབྱོར་གྱི་ཕན་ཁེ་ཡོད་པའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ས་གནས་ནས་འགྱུར་བ་བཏང་ནས། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་འགྱུར་བའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།།     

རྩོམ་སྒྲིག་པ། : ཀླུ་མོ་མཚོ།