ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དམངས་སྲིད་ཅུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་དངོས་འཛིན་བྱས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་།  ཁུལ་དམངས་སྲིད་ཅུས་ཏང་ཙུའུ་ཡིས་བྱེད་ཐབས་བཞི་སྤྱད་ནས་བདེ་ཆེན་དམངས་སྲིད་ཁྱབ་ཁོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་དངོས་འཛིན་བྱས་པ་རེད། འགན་འཁྲི་ལ་དམིགས་ནས་དོན་འཁྱོལ་དངོས་འཛིན་བྱས་པ།  ཁུལ་དམངས་སྲིད་ཅུས་ཏང་ཙུའུ་ཡིས་དམངས་སྲིད་ཁྱབ་ཁོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལས་ཀ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།  འབའ་ལུང་རྫོང་བཅས་འགན་འཁྲི་ས་ཁུལ་གསུམ་དུ་དབྱེ་བ་དང་འགན་འཁྲི་ཞིབ་ཏུ་བགོས་ཏེ།  གནད་དོན་བཙལ་བ་དང་ཞན་ཆ་གསབ་པ།  འགག་སྒྲོལ་ལ་སྐུལ་སྤེལ་གཏོང་བ་ཞེས་པ་སོགས་ཀྱི་ཆེད་དོན་བྱ་འགུལ་སྤེལ་བ་དང་།  ཕྱོགས་ཡོངས་ནས་གནད་དོན་རྩད་ཞིབ་བྱས་པ་དང་རྒྱུ་མཚན་དབྱེ་ཞིབ་ཟབ་ཏུ་གཏོང་བ་སོགས་བྱས་ནས་མཐིལ་རྟོལ་འགན་ལེན་ལས་ཀ་དོན་དུ་འཁྱོལ་བར་ཁག་ཐེག་བྱས་པ་རེད།

འབྲེལ་མཐུད་བཞིར་དམིགས་ནས་དོན་འཁྱོལ་དངོས་འཛིན་བྱས་པ།གཅིག་ནི་སྲིད་ཇུས་ཀྱི་འབྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ། དམའ་སྲུང་གི་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་དག་གོ་རིམ་ལྟར་དམའ་སྲུང་ཁྱབ་ཁོངས་སུ་འཇུག་པ་དང་།དབུལ་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་དམའ་སྲུང་དུད་ཚང་དག་གོ་རིམ་ལྟར་ཡིག་ཚགས་དང་གཱ་བཟོས་བའི་ཁྱབ་ཁོངས་སུ་འཇུག་པ།དབུལ་པོར་གྱུར་བའི་རྒྱུ་རྐྱེན་ལ་གཞིགས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་གནང་གཉིས་ནི་ཚད་གཞིའི་འབྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ།  ད་ལོའི་ཟླ7པ་ནས་བཟུང་།  ཁུལ་ཡོངས་ཀྱི་གྲོང་གསེབ་དམའ་སྲུང་གི་ཚད་གཞི་དེ་གཅིག་གྱུར་གྱིས་མི་རེར་ལོ་རེར་སྒོར3840གཏོང་བ་དང་མི་རེར་ཟླ་བ་རེར་སྒོར203གཏོང་སྟེ་ན་ནིང་གི་དུས་མཚུངས་ལས་སྒོར35མཐོ་རུ་གཏོང་བ་རེད།  གསུམ་ནི་བྱ་ཡུལ་འབྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ།  དམངས་སྲིད་དང་དབུལ་སྐྱོར་གཉིས་ཀྱིས་བྱ་ཡུལ་གྱི་མིང་ཐོ་མཉམ་སྤྱོད་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོར་ཆ་འཕྲིན་མ་ལག་དང་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་དུས་དངོས་སུ་ཚད་བསྡུར་བྱས་པ།  བཞི་ནི་དོ་དམ་འབྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ།  དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱད་ཞིབ་དང་ཚོད་དཔག་སོགས་ཀྱི་འབྲེལ་ཡོད་ལས་ཀ་ཡག་པོ་བསྒྲུབས་པ།

བདེ་ཐང་དབུལ་སྐྱོར་ལ་དམིགས་ནས་དོན་འཁྱོལ་དངོས་འཛིན་བྱས་པ།  གཅིག་ནི་སྒོར180ཡི་ཚད་གཞི་ལྟར་ཁྱད་དུ་དབུལ་ཕོངས་མི་སྣ་ལ་རོགས་སྐྱོར་བྱས་པ་དང་སྒོར70ཡི་ཚད་གཞི་ལྟར་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་སྡོད་མིའི་རྨང་གཞིའི་སྨན་བཅོས་འགན་སྲུང་དུ་ཞུགས་ཡོད་པ་ལ་རོགས་སྐྱོར་བྱས་པ།   གཉིས་ནི་ཡིག་ཚགས་དང་གཱ་བཟོས་བའི་དབུལ་ཕོངས་མི་སྣའི་སྨན་བཅོས་རོགས་སྐྱོར་སྤྲོད་གྲངས་དམའ་ཤོས་མེད་དུ་བཟོ་སྟེ།  ལོ་འཁོར་གྱི་རོགས་སྐྱོར་སྒོར་ཁྲི10ལས་མི་ཉུང་བ།   གསུམ་ནི་རྫོང་རིམ་པའི་སྲིད་འཛིན་ཁྱབ་ཁོངས་ནང་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྔོན་ནད་བརྟག་པ་དང་ཕྱིར་དངུལ་སྤྲོད་པ། དེ་ནས་རྨང་གཞིའི་སྨན་བཅོས་འགན་སྲུང་མ་ལག་ལ་བརྟེན་ནས་རྨང་གཞིའི་སྨན་བཅོས་འགན་སྲུང་དང་ནད་ཆེན་འགན་སྲུང་།  སྨན་བཅོས་རོགས་སྐྱོར།  མཐིལ་རྟོལ་འགན་སྲུང་བཅས་འགན་སྲུང་བཞི་ཡི་སྲིད་ཇུས་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་འཕྲལ་དུ་བསྡོམས་རྩིས་བྱས་པ། 

མཐིལ་རྟོལ་འགན་སྲུང་ལ་དམིགས་ནས་དོན་འཁྱོལ་དངོས་འཛིན་བྱས་པ།  མཐིལ་རྟོལ་འགན་སྲུང་ལས་ཀ་དོན་དུ་འཁྱོལ་བའི་ཆེད་དུ།  《བདེ་ཆེན་ཁུལ་སྤྱི་ཚོགས་མཐིལ་རྟོལ་དབུལ་ཐར་བྱེད་ཐབས》གཏོང་བ་དང་།   ཁྱད་དུ་དབུལ་ཕོངས་ཞབས་ཏོག་བྱ་ཡུལ་དང་དྭ་ཕྲུག  ངལ་རྩོལ་ནུས་པ་ཤོར་བའི་ལས་མེད་ཀྱི་དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་ལ་གཅིག་བསྡུས་ཀྱིས་ཞབས་ཏོག་བྱས་ནས་མཐིལ་རྟོལ་ཁག་གཅིག་བྱས་པ་དང་།  ཁ་ཐོར་གྱིས་ཞབས་ཏོག་བྱས་ནས་མཐིལ་རྟོལ་ཁག་གཅིག་བྱས་པ།  འཚོ་བའི་རོགས་སྐྱོར་གྱིས་མཐིལ་རྟོལ་ཁག་གཅིག་བྱས་པ།   ཁྱད་ལྡན་སྲིད་ཇུས་ཀྱིས་འགན་སྲུང་ཁག་གཅིག་བྱས་པ་སོགས་ཀྱི་བྱེད་ཐབས་ལྔ་བརྒྱུད་ནས་མཐིལ་རྟོལ་འགན་སྲུང་བྱེད་ཤུགས་ཆེར་གཏོང་བ་དང་དངོས་གནས་ཀྱིས་མཐིལ་རྟོལ་བྱ་ཡུལ་གྱི་རྨང་གཞིའི་འཚོ་བ་འགན་ལེན་བྱས་ནས།  མཐིལ་འགྱོགས་བདེ་འཇགས་ཀྱི་དྲ་བ་བརྟན་པོར་གཏོང་བ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།