ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ཆེད་མཁས་པའི་ཞབས་ཞུའི་ཚོགས་པ་འཇོལ་རྫོང་ལ་སོང་ནས་སྨན་བཅོས་ཞབས་ཞུ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཆེད་མཁས་པའི་ཚོགས་པས་དབུལ་ཕོངས་རྫོང28ལ་སྨན་བཅོས་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་འགོ་ཚུགས་པ་དང་བསྟུན། ཉེ་ཆར་ཡུན་ནན་ཞིང་ཆེན་སྨྱོ་ནད་སྨན་ཁང་གིས་ཆེད་མཁས་པའི་ཚོགས་པ་གཅིག་མངགས་ནས་བདེ་ཆེན་འཇོལ་རྫོང་ནས་ཉིན་ལྔའི་རིང་ལ་སྨྱོ་ནད་ནད་པ་ཁམས་བདེ་ཡོང་བའི་སྨན་བཅོས་ལག་རྩལ་ཞབས་ཞུ་བསྒྲུབས་པ་རེད། 

འཇོལ་རྫོང་ལ་ཐོན་རྗེས་ཞིང་ཆེན་ཆེད་མཁས་པའི་ཞབས་ཞུ་ཚོགས་པའི་ལས་བྱེད་རུ་ཁག་གིས་འཇོལ་རྫོང་རྫོང་ཨུའི་རྩ་འཛུགས་པུའུ་དང་། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས།  རྫོང་མ་བུ་བདེ་ཐང་སྨན་ཁང་། ཧྲིང་ཕིང་གྲོང་རྡལ་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སོགས་ཀྱི་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དག་དང་བགྲོ་གླེང་དང་སྤེལ་རེས་བྱས་ནས། སྔར་ལས་ལྷག་པར་རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་སྨྱོ་ནད་འཕྲོད་བསྟེན་གྱི་ལས་ཀའི་གནས་ཚུལ་ལ་རྒྱུས་ལོན་བྱས། དེ་མིན་རྫོང་སྨན་ཁང་དང་རྫོང་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ནས་རྫོང་ཡོངས་ཀྱི་སྨྱོ་ནད་ཀྱི་འགལ་རྐྱེན་ཚབས་ཆེན་ཡོད་པའི་ནད་པའི་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། རྫོང་ཡོངས་ཀྱི་སྨྱོ་ནད་ཀྱི་འགལ་རྐྱེན་ཡོད་པའི་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང78ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་བྱས་པ་རེད།

བྱེད་སྒོའི་སྐབས་སུ་ཞིང་ཆེན་ཆེད་མཁས་པའི་ཞབས་ཞུའི་ཚོགས་པ་བྲག་ཞབས་ཞང་དང་ཐང་སྟེང་ཤང་ལ་སོང་ནས་སྨྱོ་ནད་ཚབ་ཆེན་ཡོད་པའི་ནད་པའི་དོ་དམ་ལས་ཀར་ཡུལ་དངོས་ལ་བརྟག་དཔྱད་བྱེད་དུ་སོང་ཞིང་། ཡིག་ཚགས་ལྟ་ཀློག་དང་བགྲོ་གླེང་། འདྲི་རྟོག་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྨྱོ་ནད་ཀྱི་འགལ་རྐྱེན་ཡོད་པའི་ནད་པའི་ཕྱོགས་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།  བྲག་ཞབས་ཤང་ཡར་རུ་གྲོང་ཚོ་འཕྲོད་བསྟེན་ཁང་དང་རྡོ་ཟམ་གྲོང་ཚོ་འཕྲོད་བསྟེན་ཁང་ནས་སྨྱོ་ནད་ཚབས་ཆེན་ཡོད་པའི་ནད་པ11དང་ཁོ་ཚོའི་ཁྱིམ་མི་ལ་ཡུལ་དངོས་ནས་འདྲི་རྟོག་བྱས་ནས། དོ་དམ་གྱི་གནས་ཚུལ་དང་ནད་པའི་སྨན་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཚགས་བྱས་པ་རེད།

ཡུལ་དངོས་ལྟ་ཞིབ་དང་འདྲི་རྟོག་བྱས་པ་བརྒྱུད་ནས། ཞིང་ཆེན་ཆེད་མཁས་ཚོགས་པའི་ལས་བྱེད་རུ་ཁག་གིས་འཇོལ་རྫོང་གིས་སྨྱོ་ནད་དང་སྨྱོ་ནད་ཀྱི་འགེལ་རྐྱེན་ཡོད་པའི་ནད་པའི་དོ་དམ་ལས་ཀར་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་ལ། གཞི་རིམ་གྱི་འཕྲོད་བསྟེན་སྒྲིག་གཞིའི་ལས་ཀ་ཏན་ཏིག་ཡིན་པ་དང་སྨྱོ་ནད་ཀྱི་འགེལ་རྐྱེན་ཚབས་ཆེན་ཡོད་པའི་ནད་པའི་ཡིག་ཚགས་དོ་དམ་ཅུང་ཚད་ལྡན་ཡིན་པར་འདོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ4པའི་བར་ཡུན་ནན་ཞིང་ཆེན་རྩ་འཛུགས་པུའུ་ཡིས2018ནས2019བར་ཡུན་ནན་ཞིང་ཆེན་གྱི་ཆེད་མཁས་པའི་ཞབས་ཞུའི་ཚོགས་པས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་རོགས་སྐྱོར་གནང་བའི་འཆར་གཞི་གཏན་ཁེལ་བྱས་ཤིང་། ཞིང་ཨུའི་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་སྤྱིའི་སྒྲིག་བཀོད་ལ་དམིགས་ནས་སྡེ་ཁག་གི་འཇོན་ལྡན་མི་སྣས་སྣེ་ཁྲིད་པའི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ཡོད་ལ། སྤྱི་ཡོངས་ནས་ལས་རིགས13གྱི་སྡེ་ཁག་དང་ཞིང་ཆེན་གྱི་ཕྱོགས་ཡོངས་ཀྱི་ནུས་ཤུགས་གཅིག་གྱུར་གྱིས་ཆེད་མཁས་བཀོད་སྒྲིག་དང་གཅིག་གྱུར་གྱིས་གྲོན་དངུལ་བཀོད་སྒྲིག ལས་ཀའི་འཆར་གཞི་གཅིག་གྱུར། དམིགས་ཡུལ་དང་རེ་འདུན་གཅིག་གྱུར་བཅས་བྱས་ནས་གཞི་རིམ་གྱི་དགོས་མཁོ་དམིགས་ཤིང་ཐོན་ཁུངས་བཀོད་སྒྲིག་བྱས་ནས་དམིགས་འབེན་ཡོད་པའི་སྒོ་ནས་གཅིག་བསྡུས་ཀྱིས་དབུལ་སྒྲོལ་གྱི་བྱེད་ཐབས་སྣ་ཚོགས་བཅད་དེ་འཇོལ་རྫོང་གི་དངུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།