ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆོས་ལུགས་མ་ལག་གི་མི་སྣར་གཅིག་བསྡུས་ཀྱི་གསོ་སྦྱོང་བྱས་པ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། 2018ལོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆོས་ལུགས་ཕྱོགས་ཀྱི་ཚབ་བྱེད་མི་སྣའི་ཆོས་ལུགས་མ་ལག་སྲིད་ཇུས་ཀྱི་སྒྲིག་ཁྲིམས་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ཁུལ་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་དང་། རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་ལས་ཀའི་གྲོས་ཚོགས་དང་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་བརྟན་འཇགས་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཐུབ་ཆེད་ཡིན་ལ། གོ་རིམ་ཡོད་པའི་སྒོ་ནས་ཆོས་ལུགས་ཕྱོགས་ཀྱི་ཚབ་བྱེད་མི་སྣ་གསོ་སྐྱོང་དང་གྲྭ་བའི་གསོ་སྦྱོང་ལས་ཀ་སྐུལ་སྤེལ། འདུ་ཤེས་ཡོད་པའི་སྒོ་ནས་མི་རིགས་ཆོས་ལུགས་ཀྱི་ལས་བྱེད་མི་སྣའི་སྲིད་ཇུས་ཀྱི་གཞུང་ལུགས་དང་ལས་དོན་གྱི་ནུས་པ། དགོན་སྡེའི་ཁྲིམས་མཐུན་དོ་དམ་མཐོར་འདེགས་ཆེད་ཡིན་ལ། རྒྱ་ཆེའི་གྲྭ་བ་མེས་རྒྱལ་ལ་དགའ་ཞེན་དང་སྡོམ་སྲུང་ཁྲིམས་སྲུང་གི་སྐོར་ནས་སྣེ་ཁྲིད་བྱེད་དགོས་པའི་གནས་ཚུལ་གསར་པ་སྤེལ་བ་ཡིན་ཏེ། དེ་ནི་ཁ་བྲལ་ལ་ངོ་རྒོལ་དང་བརྟན་སྲུང་གི་སྤྱི་ཚོགས་རྣམ་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་བཅས་ཀྱི་དགོས་མཁོ་དང་མཐུན་པ་རེད།

གསོ་སྦྱོང་འགོ་ཚུགས་མཛད་སྒོའི་སྟེང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཆེའི་ཆོས་ལུགས་ཕྱོགས་ཀྱི་རྒྱལ་གཅེས་ཧུར་བརྩོན་གྱིས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ལས་སྒོ་སྣ་ཚོགས་སྤེལ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས་ཤིང་། ལག་ལེན་དངོས་ལ་ཞུགས་ནས་རྒྱལ་གཅེས་ཁྲིམས་སྲུང་དང་སྒྲིག་སྲུང་སྡོམ་འཛིན་གྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་བྱས་ནས། གྲོང་མི་ཡོངས་དང་མཉམ་དུ་མཛེས་སྡུག་གི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་བྱེད་དགོས་པ་བསྟན།

གསོ་སྦྱོང་འགོ་ཚུགས་མཛད་སྒོའི་སྟེང་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་བཙུགས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དུས་ནམ་ཡང་ཡང་དག་པའི་ལམ་བུར་སྐྱོད་ནས་འཕེལ་རྒྱས་གཏོང་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཕྱོགས་ཀྱི་མི་སྣ་ཡོངས་ཀྱིས་ངེས་པར་དུ་འབྲེལ་བ་ཆེན་པོ་གསུམ་འཁྲུལ་མེད་དང་ཡང་དག་པའི་སྒོ་ནས་ཐག་གཅོད་ཐུབ་དགོས་པ་དམིགས་སུ་བསྟན།

འགོ་ཚུགས་མཛད་སྒོའི་སྟེང་ད་རུང་གསོ་སྦྱོང་ལ་ཞུགས་ཡོད་པའི་མི་རྣམས་ཀྱིས་ངེས་པར་དུ་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས་བསླབ་པ་འབྲས་ལྡན་དང་བློ་ཁ་ཡར་ལ་ཕྱོགས་ནས་འབྲས་བུ་གསར་བ་ཐོབ་པར་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་དང་བདེ་འཇགས་བརྟན་སྲུང་། སྡོམ་འཛིན་ཁྲིམས་སྲུང་སོགས་ཀྱི་ཕྱོགས་ལ་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་ཐོན་དགོས་པའི་རེ་འདུན་བཏོན་པ་རེད། 

 ཉིན་གཉིས་ཀྱི་གསོ་སྦྱོང་ནང་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་གྲོས་ཚོགས་སྟེང་གི་གལ་ཆེའི་གཏམ་བཤད་ཀྱི་ནང་དོན་སློབ་ཁྲིད་བྱས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཕྱོགས་ཀྱི་ཚབ་བྱེད་མི་སྣ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།  །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།