ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོ་ནས་གསུམ་པའི་བར་བདེ་ཆེན་གྱི་གཙོ་བོའི་དཔལ་འབྱོར་དམིགས་ཚད་ལ་ཁྱད་ཆོས་དགུ་མངོན་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་བདེ་ཆེན་ཁུལ་བསྡོམས་བརྩི་ཅུས།རྒྱལ་ཁབ་བསྡོམས་བརྩི་ཅུས་བདེ་ཆེན་བརྟག་དཔྱད་རུ་ཁག་བཅས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་བདེ་ཆེན་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་དོན།ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བདེ་ཆེན་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ཁྲོད་དུ་འཕར་བ་དང་། སྔོན་བརྩིའི་འཕར་སྣོན་མངོན་དུ་གྱུར་ཡོད།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་ཟིན་པ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁུལ་ཡོངས་ཀྱིས་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར144.69གྲུབ་པ་དང་།ན་ནིང་གི་དུས་མཚུངས་ལས10%འཕར་ཡོད་དེ། འཕར་ཚད་དེ་ན་ནིང་གི་དུས་མཚུངས་ལས0.5%འཕར་ཡོད།

གཙོ་བའི་དཔལ་འབྱོར་གྱི་དམིགས་ཚད་ཐོག་ཁྱད་ཆོས་དགུ་མངོན་འདུག་སྟེ། ཞིང་ལས་ཐོན་སྐྱེད་ཀྱི་རྣམ་པ་བརྟན་པོ་ཡིན་ཏེ། ཁུལ་ཡོངས་ཀྱིས་ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.9གྲུབ་པ་དང་།  ན་ནིང་གི་དུས་མཚུངས་ལས6%འཕར་ཡོད། ཚད་གཞི་ཡན་གྱི་བཟོ་ལས་མགྱོགས་སུ་དར་འཕེལ་བྱུང་སྟེ། ཁུལ་ཡོངས་ཀྱི་ཚད་གཞི་ཡན་གྱི་བཟོ་ལས་འཕར་རིན་ན་ནིང་གི་དུས་མཚུངས་ལས23.5%འཕར་བ་དང་།  འཕར་ཚད་དེ་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་ལས11%མཐོ་བ། 

མ་འཇོག་འཕར་ཚད་ནི་བརྟན་པོའི་ངང་དལ་དུ་སོང་སྟེ།  ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་གྲངས་བསྡོམས་འབོར་(ཞིང་དུད་ཚུད་མེད)ན་ནིང་གི་དུས་མཚུངས་ལས6.6%འཕར་ཡོད། 

འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཁོར་སྤྱོད་བྱེད་ཡོད་དེ།  ཁུལ་ཡོངས་ཀྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་གྲངས་སྒོར་དུང་ཕྱུར40.37གྲུབ་པ་དང་།  ན་ནིང་གི་དུས་མཚུངས་ལས10.3%འཕར་ཡོད། ནོར་སྲིད་ཀྱི་གཏོང་ཡོང་མུ་མཐུད་དུ་འཕར་ཡོད་དེ། ཁུལ་ཡོངས་ཀྱིས་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར15.95གྲུབ་པ་དང་ན་ནིང་གི་དུས་མཚུངས་ལས19.03%འཕར་བ།   སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7.85གྲུབ་པ་དང་།  ན་ནིང་གི་དུས་མཚུངས་ལས9.17%འཕར་བ། 

དངུལ་རྩའི་བཅོལ་དངུལ་ན་ནིང་གི་དུས་མཚུངས་དང་བསྡུར་ན་འཕར་ཡོད་དེ།  ཁུལ་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་གྱི་རིགས་སྣ་སོ་སོའི་བཅོལ་དངུལ་སྒོར་དུང་ཕྱུར351.77ལྷག་པ་དང་།  ན་ནིང་གི་དུས་མཚུངས་ལས9%འཕར་བ།

གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་བརྟན་པོའི་ངང་འཕར་ཡོད་དེ།  ཁུལ་ཡོངས་གྲོང་ཁྱེར་གྱི་རྒྱུན་སྡོད་གྲོང་མིའི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར24731ཟིན་པ་དང་།  ན་ནིང་གི་དུས་མཚུངས་ལས8.4%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར5221ཟིན་པ་དང་།  ན་ནིང་གི་དུས་མཚུངས་ལས9.4%འཕར་ཡོད།

CPIཡི་འཕེལ་ཚུལ་འཚམ་པོ་ཡིན་པ་དངPPIདུས་མཚུངས་ལས་འཕར་ཡོད་དེ།  ཟླ1པོ་ནས་ཟླ9པའི་བར་དུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ན་ནིང་གི་དུས་མཚུངས་ལས1.9%འཕར་བ་དང་།   བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་རིམ་རྩིས་བརྒྱབ་ན1.2%འཕར་བ།  བཟོ་ལས་ཐོན་སྐྱེད་པའི་ཉོ་སྒྲུབ་རིན་གོང་རིམ་རྩིས་བརྒྱབ་ན0.5%འཕར་ཡོད་པ་རེད།

ཕྱི་ཕྱོགས་ཉོ་འཚོང་གི་གཏོང་འདྲེན་དམའ་སྟེ།  ཁུལ་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་རིམ་རྩིས་བརྒྱབ་ན་ཨ་སྒོར་ཁྲི242གྲུབ་པ་དང་།ན་ནིང་གི་དུས་མཚུངས་ལས12%མར་ཆག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།