ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་དང་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བྱུང་བ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018115144812946.jpg

འདི་ནི་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཀྱི་མིང་རྟགས་འགོད་པའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་མིང་རྟགས་འགོད་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྷ་ཡུལ་ཞིང་མཆོག་མགྲོན་ཁང་ནས་བསྡུས་པ་རེད། གྲོས་མཐུན་གྱི་ནང་དོན་ལྟར་ན། ཕྱོགས་གཉིས་ཀས་ད་ལོ་ནས་བཟུང་ལྗང་མདོག་ནུས་རྒྱུ་དང་།ཆ་འཕྲིན་གྲངས་གཞི་ཆེ་མོ་སོགས་ཁྱབ་ཁོངས་ལྔ་རུ་མཉམ་ལས་གཏིང་ཟབ་བྱས་ནས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན། ཡུན་ནན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཏུང་ཧྲི་ཀྲང་ཏོན་ཝུན་ཆོན།ཙུང་ཚའེ་ཆིའུ་ལུའུ་ཅིས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་མིང་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ། ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱི་དང་། ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པའི་ཙུང་ཚའེ་གཞོན་པ་ཀུའོ་ཧྲུའུ་ཀོང་གཉིས་ཀྱིས་ཕྱོགས་གཉིས་ཀ་ཚབ་བྱས་ནས་མིང་རྟགས་བཀོད་པ་རེད།

ཏོན་ཝུན་ཆོན་གྱིས་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པས2016ལོ་ནས་བདེ་ཆེན་དང་མཉམ་འབྲེལ་བྱས་པ་ནས་བཟུང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར27.26མ་འཇོག་བྱས་ཟིན་པ་དང་། གོམ་སྟབས་རྗེས་མར། ཧུར་བརྩོན་གྱིས་བདེ་ཆེན་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཁྲོད་ཡོང་རྒྱུ་ཡིན། ཕྱོགས་གཉིས་ཀའི་འབད་བརྩོན་འོག་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད།

ཀུའུ་ཁུན་གྱིས་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པ་ནི་ཡུན་ནན་ཞིང་ཆེན་གྱི་གཙོ་རྐང་ཁེ་ལས་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་རིམ་སྔོན་མའི་རྣམ་གྲངས་མཉམ་ལས་ཀྱི་ནང་དོན་ལ་ཧ་ཅང་གི་བློ་ཡིད་ཚིམ་པ་མ་ཟད། དེང་ཕྱིན་མུ་མཐུད་དུ་གཏིང་ཟབ་ཀྱིས་མཉམ་ལས་བྱེད་པར་ཡིད་ཆེས་ཀྱིས་ཁེངས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་བོད་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་ཁག་དམ་པོ་བཟུང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ལས་ཀར་རྒྱབ་སྐྱོར་དང་རམ་འདེགས་བྱས་ནས། མཉམ་འབྲེལ་གྱི་རྣམ་གྲངས་མགྱོགས་མྱུར་གྱིས་མངོན་འགྱུར་བྱུང་སྟེ།བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས་པ་བསྟན།

ཕྱོགས་གཉིས་པོས་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གྱི་ནང་དོན་ལྟར་ན། དེང་ཕྱིན་ཁྱབ་ཁོངས་སུ་ཕྱོགས་ལྔ་ནས་མཉམ་ལས་བྱེད་རྒྱུ་ཡིན་དེ། གཅིག་ནི་ལྗང་མདོག་ནུས་རྒྱུ་ཐོན་ལས་དང་། གཉིས་ནི་ཆ་འཕྲིན་གཞི་གྲངས་ཆེན་མོའི་ཐོན་ལས། གསུམ་ནི་གྲོང་ཁྱེར་གྱི་རིག་ནུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན། བཞི་ནི་རིག་ནུས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སྐྲུན་པ། ལྔ་ནི་ཕྱོགས་གཞན་དག་ཐད་ཀྱི་རྣམ་གྲངས་མཉམ་ལས་བཅས་ཡིན་པ་རེད། ཉིན་དེའི་ཕྱི་དྲོར། གསར་དུ་བཙུགས་པའི་བདེ་ཆེན་ཡུན་ནུས་ཤར་བོད་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སིའི་སྒོ་བྱང་བཀལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།