ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མང་ཚོགས་ནད་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཐང་དབུལ་སྐྱོར་ཀྱི་ལས་ཀ་སྤེལ་བ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་སུ་རིགས9ཡི་ནད་གཞི་ལྗིད་མོ་ཕོག་མཁན་གྱི་ནད་པ15ཕྱོགས་ཡོངས་ནས་གྲལ་བཤེར་དང་བསྡོམས་རྩིས་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དང་ནད་ཀྱིས་དབུལ་པོར་བསྒྱུར་བ། ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་པའི་ནད་པ་ལ་གཞི་རྩའི་སྨན་བཅོས་འགན་སྲུང་མཁོ་འདོན་བྱས་ནས། ནད་ཆེན་གྱི་ཆེད་དོན་གཅིག་སྡུད་སྨན་བཅོས་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་དོན་དངོས་ཀྱིས་དུད་ཚང་དབུལ་པོས་སྨན་པ་བསྟེན་དཀའ་བ་དང་ནད་བཅོས་རིན་གོང་ཆེ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

གྲོང་ཁྱེར་ཡོངས་ཀྱི་ནད་དཔེ104ཡི་ནད་རིགས9ཡི་ནད་ཆེན15ཕོག་མཁན་ཁྲོད་སེམས་ནད་ལྗིད་མོ་ཕོག་པའི་ནད་དཔེ71ཟིན་པས། བདེ་ཐང་དབུལ་སྐྱོར་ལས་ཀའི་ཁྲོད་ཀྱི་དཀའ་གནད་ཅིག་ཡིན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་འཕྲོད་བསྟེན་ཁང་གིས2015ལོ་ནས་བཟུང་སེམས་ནད་ལྗིད་མོ་ཕོག་པའི་ནད་པར་དོ་དམ་དང་སྨན་བཅོས་བྱས་པ་དང་། 2017ལོར་བདེ་ཐང་དབུལ་སྐྱོར་ལས་ཀ་ལག་བསྟར་བྱས་རྗེས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་སེམས་ནད་ལྗིད་མོ་ཕོག་པའི་ནད་པར་དོ་དམ་དང་སྨན་བཅོས་བྱས་པ་རེད། བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ནས། ཤང་ཡོངས་ཀྱི་སེམས་ནད་ལྗིད་མོ་ཕོག་པའི་ནད་པ་74གྲལ་བཤེར་པ་དང་། ནད་ཆེན་གཅིག་སྡུད་ཐོག་སྨན་བཅོས་བྱས། མིག་སྔར། སེམས་ནད་ལྗིད་མོ་ཕོག་པའི་ནད་པ་ཡོངས་ཀྱི་ནད་བརྟག་བརྟན་པོ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།