ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་གི་བོད་རིགས་ཀྱི་གནའ་བོའི་ལག་ཤེས་བཟོ་ལས་ཀྱིས་གྲོང་མི་ཚོ་ཕྱུག་འགྱུར་ལམ་དུ་ཁྲིད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201809181310075966701713.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉི་ཤར་ཐང་སྟོད་གྲོང་ཚོ་ནི་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་རིགས་གྲོང་ཚོ་ཞིག་ཡིན། རྫ་ཆས་ནག་པོའི་བཟོ་རྩལ་ལ་བརྟེན་ནས། ས་གནས་དེ་གའི་གྲོང་མི་ཚོས་ལག་རྒྱུན་ཆད་ཉེར་ཡོད་པའི་ལག་ཤེས་བཟོ་རྩལ་འཛིན་སྐྱོང་བྱས་ཏེ། དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ་བ་རེད། བསྟན་འཛིན་ཕུན་ཚོགས་ནི་ཉི་ཤར་རྫ་ཆས་ནག་པོ་འཛིན་སྐྱོང་མཁན་མི་རབས་བདུན་པ་དེ་ཡིན་ཞིང་། ཁོང་ཆུང་དུས་ཨ་ཕའི་ས་ནས་རྫ་ཆས་ནག་པོ་བཟོ་བའི་ལག་རྩལ་སྦྱངས་བ་དང་། ད་ལྟའི་བར་ལོ་ངོ་བཞི་བཅུ་ཕྱིན་ཡོད། བསྟན་འཛིན་ཕུན་ཚོགས་ཀྱིས། ངའི་ཕ་མེས་ཡང་མེས་ཚང་མ་ཉི་ཤར་དུ་འཚོ་བ་སྐྱེལ་བ་དང་། འདིར་ཡོད་པའི་ཐུན་མོང་མ་ཡིན་པའི་གཏེར་རྫས་ཀྱི་ས་རྒྱུ་དང་ཁོར་ཡུག་ལ་བརྟེན་ནས། རྫ་ཆས་ནག་པོ་བཟོ་རྒྱུ་དེ་ཉི་ཤར་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་གྱུར་ཡོད་པ་མ་ཟད། ད་དུང་རྫ་ཆས་ནག་པོས་འཚོ་བའི་སྣོད་ཆས་བཟོ་ཐུབ་པ་མ་ཟད། རྒྱན་སྤྲོས་དངོས་པོའང་བཟོ་ཆོག་ཅེས་བཤད།

F201809181310136056701714.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།