ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་པའི་ས་ཁུལ་བཞིའི་ཆེད་གཉེར་རིག་རྩལ་འཁྲབ་སྟོན་ལྟད་མོ་ཆེ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་དང་ཆབ་མདོ། ཡུལ་ཤུལ། དཀར་མཛེས་བཅས་ཁུལ་དང་གྲོང་ཁྱེར་བཞི་ཡི་འཐུས་མིའི་ཚོགས་པས་སེམས་ཀྱི་ཉི་ཟླའི་ཟློས་གར་གླིང་དང་།བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས།རྡོ་མཁར་རྫོང་ཟླ་འོད་ཁྲོམ་ལམ་ཟློས་གར་གླིང་།དཀྱིལ་འཁོར་ཐང་ཆེན་སོགས་སུ་ཆེད་གཉེར་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

༣.jpg

༤.jpg

བདེ་ཆེན་གྱི་ཆེད་གཉེར་རིག་རྩལ་འཁྲབ་སྟོན་ཐོག་བོད་ཀྱི་གླུ་གར་སྙན་ངག་ཆེ་གྲས་《སྙིང་གཏམ་ཁྲོད་ཀྱི་ཤམ་བྷ་ལ་》འཁྲབ་པ་དང་།གླུ་གར་ལ་བརྟེན་ནས་གང་ལེགས་ཀྱིས་མི་རྣམས་ཀྱི་འཚོ་བའི་ནང་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ།ཞི་མཐུན་མཉམ་གནས་ཀྱི་རྣམ་པ་མཚོན་པར་བྱས་ཡོད།འཁྲབ་སྟོན་འདི་《ཡིད་ཀྱི་བགྲོད་ལམ་》དང་《གནས་མཆོག》《དབེན་གནས་》བཅས་འཁྲབ་ཚན་གསུམ་གྱིས་གྲུབ་ཡོད་པ་རེད།

ངོ་མཚར་བའི་ཆབ་མདོ་ནི་ཁམས་པའི་རིག་གནས་ཀྱི་ལྟེ་གནས་ཡིན་ལ།ཁ་རུབ་གནའ་ཤུལ་ནས་དུས་དེ་རིང་གི་ཆབ་མདོ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད།ཆབ་མདོ་རིག་གནས་སྒྱུ་རྩལ་འཐུས་མི་ཚོགས་པས་གླུ་གར་ལ་བརྟེན་ནས་ཆབ་མདོའི་ངོ་མཚར་བའི་རིག་གནས་རྒྱ་ཆེའི་ལྟད་མོ་བའི་སྤྱན་ལམ་དུ་འབུལ་བ་རེད།

༥.jpg

༦.jpg

ཡུལ་ཤུལ་ཁུལ་འཐུས་མི་རུ་ཁག་གི་ཆེད་གཉེར་འཁྲབ་སྟོན་དག་གཙང་གི་ཡུལ་ཤུལ་ཞེས་པ་ལ་བཀྲ་ཤིས་པའི་ཡུལ་ཤུལ་དང་ཡུལ་ཤུལ་ལ་རྟེན་འབྲེལ་ཞུ།   དར་རྒྱས་ཀྱི་ཡུལ་ཤུལ་ཞེས་པའི་ལེའུ་གསུམ་དུ་དབྱེ་བ་དང་།  བཀྲ་ཤིས་རྟེན་འབྲེལ་ཞེས་པ་དང་ཆུ་འགོ་ཞེས་པ།  འབྲོང་གཡག་ཞེས་པ་སོགས་ཀྱི་གླུ་གར་ནས་ཡུལ་ཤུལ་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་ཆོས་དང་མི་རིགས་རིག་གནས་གསལ་པོར་མངོན་པ་དང་།མི་རིགས་གོས་རྒྱན་འགྲེམ་སྟོན་བྱས་ནས་ཡུལ་ཤུལ་དམིགས་གསལ་གྱི་མི་རིགས་ཁྱད་ཆོས་དང་ས་ཁུལ་ཁྱད་ཆོས་མངོན་པ་རེད།

༧.jpg

༨.jpg

དཀར་མཛེས་ཁུལ་གྱི་ཆེད་གཉེར་འཁྲབ་སྟོན་དུ་ནམ་མཁའི་ལྷ་མོ་ཞེས་པ་དང་ཕ་ཡུལ་དྲན་བྱུང་ཞེས་པ་སོགས་ཀྱི་གླུ་གཞས་དང་།  ཁམས་པའི་སྐོར་བྲོ་ཆེན་མོ་ཞེས་པ་སོགས་ཀྱི་བྲོ་གར་ཁྲོད་དུ་ཁམས་པའི་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་མངོན་པ་དང་།   བདེ་ཆེན་སེམས་ཀྱི་ཉི་ཟླའི་མང་ཚོགས་དག་ལ་དཀར་མཛེས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཡུལ་སྲོལ་སྣ་མང་མྱོང་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།