ཀྲུང་གོ་བོད་ཀྱི་དྲ་བ།

ཧི་མ་ལ་ཡ་བརྒལ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པ་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9ཚེས11ཉིན། ཧི་མ་ལ་ཡ་བརྒལ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པ་ཡུན་ནན་ཞིང་ཆེན་ཏེ་ཧོང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་ཏུ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ལ“ཧི་མ་ལ་ཡ་བརྒལ་བའི་ས་ཁུལ། འདུ་ཤེས་ནས་དོན་དངོས་བར”ཞེས་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། བྷང་ག་ལ། འབར་མ། ནེ་པ་ལ། ཕ་ཁི་སི་ཐན། སི་རི་ལན་ཁ་སོགས་རྒྱལ་ཁབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོ་ལྷན་དུ་འཛོམས་ཏེ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གིས་ཧི་མ་ལ་ཡ་བརྒལ་བའི་འཕེལ་རྒྱས་གླེང་སྟེགས་གཉེར་བའི་གྲོས་འགོ་བཏོན་ཞིང་། གླེང་སྟེགས་དེ་ཉིད་ད་ལྟ་ལེགས་གྲུབ་ལྡན་པའི་ངང་སྐབས་གསུམ་བསྟུད་མར་གཉེར་ཟིན་ནས་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོ་སོགས་ཀྱི་རྒྱལ་ཁབ་དང་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་བྱེད་པའི་ལས་སྟེགས་དང་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།