ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་གྲོང་ཚོ3མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དཔེ་སྟོན་གྲོང་ཚོ་ལ་བདམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

wa_153535733163239.jpg.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དཔེ་སྟོན་གྲོང་ཚོ་དང་། སྣེ་འདྲེན་ཁེ་ལས། ཚོང་རྟགས་གྲགས་ཅན། ཕྱིར་ཚོང་དཔེ་སྟོན་སྲང་ལམ་འོས་སྦྱོར་ཚད་གཞི་དང་། ཡུན་ནན་ཞིང་ཆེན་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དཔེ་སྟོན་གྲོང་ཚོ་དང་། སྣེ་འདྲེན་ཁེ་ལས། ཚོང་རྟགས་གྲགས་ཅན། ཕྱིར་ཚོང་དཔེ་སྟོན་སྲང་ལམ་གྱི་འོས་སྦྱོར་བྱེད་སྒོའི་ཇུས་གཞི་གཞིར་བཟུང་། ཁུལ་གྲོང་ཁྱེར་སོ་སོའི་རིག་གནས་ཐོན་ལས་གཞུང་དོན་ཁང་གིས་འོས་སྦྱོར་དང་ཞིང་ཆེན་རིག་གནས་ཐོན་ལས་གཞུང་དོན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཡུན་ནན་ཞིང་ཆེན་དུ་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དཔེ་སྟོན་གྲོང་ཚོ33བདམས་ཐོན་བྱུང་བ་རེད།

wa_153535736498288.jpg

wa_153535738549583.jpg

འདིའི་ཁྲོད་འཇོལ་རྫོང་ཀོང་རྩེད་རའི་གྲོང་རྡལ་ཀོང་རྩེད་རའི་སྡེ་ཁུལ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་བཅས་གྲོང་ཚོ3བདམས་ཐོན་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།