ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་གསར་བསྣན་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི2ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཏུ་གསར་སྣོན་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི20193ཡོད་པ་དང་། དེའི་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་ངལ་རྩོལ་ནུས་ཤུགས་མི་ཐེངས5961དང་། ཐད་ཀར་བར་བརྒལ་བྱས་པའི་མི་རིགས་མི་ཐེངས5022ཡོད་དེ། ལོ་ཧྲིལ་པོར་མི་ཐེངས་ཁྲི1.16གསར་སྣོན་བྱུང་བའི་དམིགས་འབེན་གྱི174.08%ལེགས་འགྲུབ་བྱུང་བ( དེའི་ཞིང་ཆེན་གཞན་ལ་ཕྱིར་འདོན་བྱས་པའི་མི་ཐེངས2318)རེད། 

རྒྱུས་ལོན་པ་ལྟར་ན། མིག་སྔར། བདེ་ཆེན་ཁུལ་གྱིས་ཏང་ཨུ་དང་། སྲིད་གཞུང་གིས་འགོ་ཁྲིད་བྱེད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྣེ་ཁྲིད་བྱེད་པ། དབུལ་སྐྱོར་དང་། ཞིང་ལས། སྡོམ་རྩིས། ཚོང་དོན། བཟོ་ཚོགས། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་།  བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་ལྷན་ཚོགས་བཅས་སྡེ་ཚན་གྱིས་མཉམ་དུ་དོ་དམ་བྱེད་པའི་མཐུན་སྦྱོར་ལམ་ལུགས་བཙུགས་ཏེ། གོང་འོག་མཉམ་འགུལ་དང་། གཡས་གཡོན་རོགས་ལས། ཤུགས་བསྒྲིལ་འགག་སྒྲོལ་གྱི་ལས་ཞུགས་དབུལ་སྐྱོར་སྒྲིག་གཞི་ཆེན་པོ་གྲུབ་ཡོད།  དེ་དང་ཆབས་ཅིག་ཏུ། བདེ་ཆེན་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཧྲང་ཧའེ་དང་ཡུན་ནན་དབར་གྱི་ཁ་གཏད་རོགས་སྐྱོར་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཕྱི་ནས་ཞིང་ཆེན་གཞན་གྱི་མི་སྤྱོད་ཁེ་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་ངལ་ནུས་ཕྱིར་གཏོང་སྡེ་ཁག་དང་ངལ་ནུས་མཚམས་སྦྱོར་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ངལ་ནུས་ཕྱིར་གཏོང་གི་ལས་གནས་ལ་ཏན་ཏིག་སྒོས་མི་སྣ་འདོན་སྤྲོད་དང་། མི་སྣ་སྒྲིག་འཛུགས། ཕྱིར་གཏོང་འབྲེལ་མཐུད།ལས་གྲྭ་ཁེ་དབང་སྲུང་སྐྱོང་ཞབས་ཞུ་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་ཏེ། གྲོང་གསེབ་ཀྱི་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་མངོན་འགྱུར་ཡོང་བར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།