ཀྲུང་གོ་བོད་ཀྱི་དྲ་བ།

སྐབས10པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཁུན་མིང་ནས་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

153207856750303.jpg

སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ལས་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དེ་ད་ལོའི་ཟླ9པའི་ཚེས12ཉིན་ནས་ཚེས15ཉིན་བར་བདེ་ཆེན་ཁུལ་ནས་འཚོགས་རྒྱུ་རེད།    ཟླ7པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད10 ཐོག    བདེ་ཆེན་ཁུལ་གྱིས་ཁུན་མིང་ཧའེ་ཀེང་ཚོགས་ཁང་ནས་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་རེད།    

རྒྱུས་ལོན་བྱུང་བ་ལྟར་ན།   བོད་ལྗོངས་ཆབ་མདོ་དང་། སི་ཁྲོན་དཀར་མཛེས། མཚོ་སྔོན་ཡུལ་ཤུལ། ཡུན་ནན་བདེ་ཆེན་བཅས་ལས་གྲུབ་པའི་ཁམས་ཁུལ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་།   ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་ལ།    རིག་གནས་ཀྱི་རྫོང་མཐུག་པའི་ས་ཁུལ་ཞིག་རེད།   1994ལོར།   ཁམས་ཁུལ་གྱི་རིག་གནས་ལུས་རྩལ་དང་།   ཡུལ་སྐོར་ཚོང་དོན་སྤེལ་རེས་བྱ་ཆེད།   ཁུལ་བཞིས་མཉམ་དུ་སྐབས་དང་པོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བཙུགས་པ་དང་།   ད་ལྟ་དུས་ཆེན་འདི་ནི་ཁམས་ཁུལ་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས།   ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།   

མིག་སྔར།  ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  སྒྱུ་རྩལ་དུས་ཆེན་རིང་གི་བྱེད་སྒོ་གཙོ་བོར།    མགྲོན་བསུའི་དགོང་ཚོགས་ཤམ་བྷ་ལ་རུ་འཛོམས་པ་ཞེས་པ་དང་།      རིག་རྩལ་འཁྲབ་སྟོན་ཆེ་གྲས་ཡལ་ཟིན་པའི་སྙོམས་ཐིག       བོད་ཁུལ་ཁུལ་དྲུག་གི་ཁུལ་དཔོན་གྱི་སྐབས་བཞི་བའི་མཉམ་འབྲེལ་གྲོས་ཚོགས།   ཁམས་ཁུལ་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན།    ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་།      སྐབས་དང་པོའི་ཁམས་ཁུལ་གྱི་གེ་སར་མདའ་འཕེན་རིག་གནས་དུས་ཆེན།     སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་སྨུག་ཕྱིའི་འོད་ཀྱི་གུར་ཁང་རོལ་དབྱངས་དུས་ཆེན།     སྐབས་དང་པོའི་ཁམས་ཁུལ་གྱི་རིག་གནས་སྒྱུ་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་དང་། མཇུག་འགྲིལ་མཛད་སྒོའི་མཉམ་སྤྲོའི་དགོང་ཚོགས་སོགས་ཡོད།   

153207861124158.jpg

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལོའུ་རུང་གིས་དུས་ཆེན་གྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་བ།

གཞན་ཡང་།  སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་ཁ་བ་དཀར་པོའི་འབའ་གཞས་དུས་ཆེན་དེ་ཟླ་འདིའི་ཚེས21ཉིན་འཇོལ་རྫོང་ནས་བསྡུ་རྒྱུ་རེད།     སྐབས་གཉིས་པའི་གཙང་གསུམ་གྱི་བརྩེ་བ།  མི་རིགས་གླུ་གར་དགོང་ཚོགས་དེ་ཚེས24ཉིན་འབའ་ལུང་རྫོང་ནས་བསྡུ་རྒྱུ་རེད།    ཁམས་ཁུལ་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟླ11པར་འཚོགས་གྲབས་ཡོད།   སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དེ་ཟླ12 པར་འཚོགས་གྲབས་ཡོད།   

ཐེངས་འདིའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག་ཀྲུང་གོའི་སྨྱན་བྱད་ལས་ཁུངས60ལྷག་གི་གསར་འགོད་པ་ཞུགས་ཡོད།   །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།