ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ལྗང་འགྱུར་ཁེབས་ཚད34.18%སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲལེ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུ་མཐུད་དུ་གྲོང་ཁྱེར་ལྗང་འགྱུར་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གྲོང་ཁུལ་གྱི་ལྗང་འགྱུར་ཁེབས་ཚད34.18%སླེབས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།  གྲོང་ཁྱེར་ཉེ་འཁོར་གྱི་རི་བོ་དང་། ཆུ། ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་དང་། རི། མཚོ། ནགས། མཚེའུ་སོགས་སྐྱེ་ཁམས་གཞི་རྒྱུ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་ཁྲོད་བེད་སྤྱོད་གང་ལེགས་བྱས་ཏེ། “ཆུ་དཔོན་ལམ་ལུགས”ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ནུས་ཤུགས་ཡོད་རྒུས་དཔྱིད་ཀ་དང་སྟོན་ཀའི་དུས་ཚིགས་གཉིས་སུ་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ། ཆུ་དང་།   རླུང་ཁམས་ཆེན་པོ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་འཆར་གཞི་ལྡན་པའི་སྒོ་ནས་ད་ཡོད་ཀྱི་མཚེའུ་དང་། ཆུ་རྒྱུད། ནགས་ཚལ་ས་ཁུལ། བརླན་ས་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་ཁམས་དེ་གྲོང་ཁྱེར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པར་བྱེད་དགོས། 

མིག་སྔར། སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི་གསར་དུ་འཕར་སྣོན་བྱུང་བའི་སྔོ་ལྗང་གི་རྒྱ་ཁྱོན་སྤྱི་ཆིང23.5ཡོད་པ་དང་།  སྔོ་འགྱུར་ཁེབས་ཚད34.18%སླེབས་པ། མི་རེའི་ཆ་སྙོམས་ཀྱི་སྔོ་ལྗང་རྒྱ་ཁྱོན་སྨི་གྲུ་བཞི9.05སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།