ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་བྱེད་སྒོ་སྣ་མང་བསྡུས་ནས་ཏང་བཙུགས་དུས་ཆེན་བསུ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ97འཁོར་བའི་ལོ་ཡིན་པ་དང་། ཉིན་འདི་དག་བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་བདུན་གཅིག་ཏང་བཙུགས་ཉིན་མོ་བསུ་བའི་བྱེད་སྒོ་སྣ་མང་སྤེལ་ནས། ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་རེད།

༡.jpg

ཟླ7པའི་ཚེས2ཉིན། ཁུལ་ཨུའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཁུལ་ཨུའི་ཐང་ཆེན་དུ་རྒྱལ་དར་བསྒྲེངས་པ་དང་ཏང་ཞུགས་དམ་བཅའ་བསྐྱར་དྲན་གྱི་བྱེད་སྒོ་སྤེལ།

༢.jpg

ཟླ6པའི་ཚེས29ཉིན། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ཀྱི་ཤེས་བྱ་གཞི་བྱས་ནས།བདུན་གཅིག་ཏང་བཙུགས་ཉིན་མོ་བསུ་བའི་ཤེས་བྱའི་འགྲན་བསྡུར་སྤེལ་བ་རེད།

༣.jpg

ཟླ6པའི་ཚེས29ཉིན།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ཏང་གི་སློབ་ཁྲིད་དང་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་པ་མ་ཟད།དཔེ་ཀློག་ངོ་སྤྲོད་དང་ཏང་ཡོན་གྱིས་ཆབ་སྲིད་སྐྱེས་སྐར་རོལ་བ་རེད།

༤.jpg

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཟོ་ཨུས་ཏང་གི་སློབ་ཁྲིད་བྱས་པ་དང་།དཀའ་ཁག་ཡོད་པའི་ཏང་ཡོན་ལ་མཚམས་འདྲི་བྱས་པ།རང་གི་ལས་གནས་སུ་བྱ་བ་སྒྲུབ་མཁན་བཟང་བའི་ཏང་ཡོན18ལ་བྱ་དགའ་གནང་།

༥.jpg

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་བྱེད་རྒན་གྲས་ཅུས་ཀྱིས་ཁོངས་གཏོགས་ཏང་ཀྲི་པུའུ21རྩ་འཛུགས་བྱས་ནས་ཏང་གི་སྒྲིག་ཡིག་གསར་བ་དང་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་སློབ་སྦྱོང་བྱས་པ་མ་ཟད།ཏང་ལ་བཀའ་དྲིན་ཞུ་བའི་གསར་བརྗེའི་གླུ་དབྱངས་ལེན་པའི་བྱ་འགུལ་སྤེལ་བ་རེད།

༦.jpg

ཟླ6པའི་ཚེས29ཉིན།འབའ་ལུང་རྫོང་ཨུའི་གཞུང་སྒྲུབ་ཁང་གི་ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་བྱས་རྗེས།རྫོང་ཨུའི་གཞུང་སྒྲུབ་ཁང་གི་ཏང་ཡོན་ཡོངས་ཀྱིས་འཕྲོད་བསྟེན་ཁུལ་དུ་གཙང་སྦྲ་བྱས་པ་མ་ཟད།རྒན་གསོ་ཁང་དུ་སོང་ནས་བྱམས་བརྩེ་འབུལ་བ་རེད།

འཇོལ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཡོན་ཡོངས་ཀྱིས་རྒྱལ་དར་བསྒྲེངས་པ་དང་ཏང་གི་སློབ་ཁྲིད་ལ་ཉན་པ།ཏང་ཞུགས་དམ་བཅའ་བསྐྱར་དྲན་སོགས་ཀྱི་བྱེད་སྒོ་སྤེལ།

༧.jpg

ཟླ6པའི་ཚེས30ཉིན།སེམས་ཀྱི་ཉི་ཟླའི་ཆང་ལས་ཏང་ཀྲི་པུའུ་དང་ཞིན་རུང་ཏང་ཀྲི་པུའུ་ཡིས་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་དུ་ལྟ་སྐོར་དུ་བྱིན་པ་མ་ཟད།ཏང་གི་སློབ་ཁྲིད་ལ་ཉན་པ་དང་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས།གཞན་ཁེ་ལས་གཉིས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་མཛའ་གྲོགས་མཉམ་འཛུགས་ཀྱི་སྒོ་བྱང་ཕན་ཚུན་བྱིན།མཉམ་འཛུགས་ཀྱི་དམིགས་འབེན་ནི་ལས་གཉེར་མཉམ་ལས་བྱེད་རྒྱུ་ཕུད།དབུལ་སྐྱོར་འགག་སྒྲོལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་བརྗེད་མེད་པས།དོན་སྙིང་ལྡན་པའི་བདུན་གཅིག་ཏང་བཙུགས་དུས་ཆེན་རོལ་བ་རེད།

ཟླ6པའི་ཚེས24ཉིན་ནས་ཚེས27ཉིན་བར། བདེ་ཆེན་ཁུལ་རྡོ་ཐའི་ཀུང་སི་དང་འབའ་ལུང་རྫོང་ཕན་ཐེན་ཀོ་ཤང་ཏང་ཨུའི་སྲིད་གཞུང་གིས་ཏང་ཡོན26རྩ་འཛུགས་བྱས་ནས་པའོ་ཧྲན་གྲོང་ཁྱེར་གྱི་དབྱང་ཧྲན་ཀྲུའུ་ལས་བྱེད་པའི་སློབ་གླིང་དུ་དུས་ཡུན་ཉིན་4ཡི་ཏང་གཤིས་སྦྱོང་བརྡར་བྱས་པ་རེད།

༨.jpg

ཟླ6པའི་ཚེས29ཉིན། སེམས་ཀྱི་ཉི་ཟླའི་བོད་དབྱངས་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པའི་ཁོངས་མི་དང་སེམས་ཀྱི་ཉི་ཟླ་མི་རིགས་སློབ་ཆུང་གི་སློབ་མས་བོད་སྐད་ཀྱི་ལམ་ནས་སླར་ཡང་ཏང་ལ་གླུ་ཞིག་འབུལ་ཞེས་པ་བླངས་ནས་བདུན་གཅིག་ཏང་བཙུགས་དུས་ཆེན་བསུ།

༩.jpg

ཟླ6པའི་ཚེས29ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་རྡལ་གྱི་ཏང་སྤྱི་ཁྱབ་ཡན་ལག་རུ་ཁག་དང་གྲོང་སྡོད་ལས་བྱེད་མི་སྣས་ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་ཏང་ཞུགས་སྐྱེས་སྐར་བྱང་བུ་བཀྲམ་པ་མ་ཟད།དཀའ་ངལ་ཡོད་པའི་ཏང་ཡོན་ལ་མཚམས་འདྲི་མ་དངུལ་བྱིན་པ་དང་།ཏང་ཡོན་རྒན་པས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་གླེང་བ།ཤེས་བྱའི་འགྲན་བསྡུར་སྤེལ་བ་མ་ཟད།གྲོང་སྡོད་ལས་བྱེད་མི་སྣས་ཏང་ཡོན་དང་མཉམ་དུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱས་ནས་བདུན་གཅིག་ཏང་བཙུགས་དུས་ཆེན་བསུས་པ་རེད།

༠.jpg

ཟླ6པའི་ཚེས30ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚང་གྲོང་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དང་ཡང་ཐང་གྲོང་རྡལ། ཉི་ཤར་ཤང་སོགས་ཤང་གྲོང་8གྱི་མང་ཚོགས800ལྷག་གིས་གསར་བརྗེའི་གླུ་དབྱངས་འགྲན་བསྡུར་དང་དངོས་མིན་རིག་གནས་ཤུལ་བཞག་གི་རིག་རྩལ་འཁྲབ་སྟོན་སོགས་བྱས་ནས་བདུན་གཅིག་ཏང་བཙུགས་དུས་ཆེན་བསུས་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།