ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་བཅའ་སྡོད་དཔུང་སྡེའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུས་དང་ཁུལ་སློབ་གསོ་ཅུས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ཅུས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་། སེམས་ཀྱི་ཉི་ཟླ་གྲོང་ཁུལ་དང་འབྲེལ་བ་ཡོད་པའི་སློབ་གྲྭ་སོ་སོ་བསྡུས་ནས་བཅའ་སྡོད་དཔུང་སྡེའི་བུ་ཕྲུག་གི་བུ་བཅོལ་ཁང་དང་སློབ་གྲྭར་སློབ་ཞུགས་ཀྱི་མཐུན་སྦྱོར་ཚོགས་འདུ་བསྡུས་ནས། བཅའ་སྡོད་དཔུང་སྡེའི་བུ་ཕྲུག་གི་བུ་བཅོལ་ཁང་དང་སློབ་གྲྭའི་སློབ་ཞུགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།

གྲོས་ཚོགས་ཐོག ཁུལ་སློབ་གསོ་ཅུས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོགས་ཞུགས་མི་སྣར་ནན་ཏན་གྱིས་འགྲེལ་བཤད་བྱས་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ཅུས་དང་སློབ་གྲྭ་སོ་སོས་ད་ལོའི་སློབ་བསྡུའི་བྱ་ཐབས་དང་སྒྲིག་ལམ་གྱི་བླང་བྱ་ཞིབ་བརྗོད་གནང་བ་རེད།ཁུལ་དམངས་སྲིད་ཅུས་ཀྱིས2018ལོའི་དམག་མིའི་བུ་ཕྲུག་གི་སློབ་ཞུགས་དངོས་ཡོད་གནས་ཚུལ་ལ་གཞིར་བཟུང་སྟེ་ཚོགས་ཞུགས་མི་སྣ་དང་མཐུན་སྦྱོར་བྱས།

ཚོགས་འདུའི་རྗེས་སུ། ཁུལ་དམངས་སྲིད་ཅུས་ཀྱིས་དུས་ཐོག་ཏུ་ས་གནས་བཅའ་སྡོད་དཔུང་སྡེ་ཁག་སྐོང་ཚོགས་བྱས་ནས་གནས་ཚུལ་མཐུན་སྦྱོར་བྱས་ཏེ། ས་གནས་བཅའ་སྡོད་དཔུང་སྡེ་སོ་སོས་རང་སོ་སོའི་གནས་ཚུལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག  ཆད་ལུས་མེད་པ་དང་རྫུན་ཞུ་མི་བྱེད་པའི་རྩ་དོན་གཞིར་བཟུང་ནན་ཏན་གྱིས་ཕྲུ་གུ་རེ་རེའི་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས་ནས།བཅའ་སྡོད་དཔུང་སྡེའི་དམག་མི་སོ་སོའི་བུ་ཕྲུག་དུས་བཀག་ལྟར་བུ་བཅོལ་ཁང་དང་སློབ་གྲྭར་སློབ་ཞུགས་བྱེད་པར་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།