ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལས་རིགས་ཀྱི“ཟོལ་མེད་གསུམ་དང་། ཡོད་པ་གསུམ། གཅིག་རེ་བཞི”ཡི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་བསུ་ཆེད་དང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་གཏོང་དང་ལེགས་བཅོས་བྱ་ཆེད། བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི“ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ·ཡུལ་སྐོར་ལས་སྒྲུབ་མི་སྣའི་ཟོལ་མེད་གསུམ་དང་། ཡོད་པ་གསུམ། གཅིག་རེ་བཞི”ཡི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

“ཞབས་ཞུ་ནི་ཡུལ་སྐོར་ལས་རིགས་ཀྱི་ལས་འགན་གཙོ་བོ་ཨང་དང་པོ་ཡིན། ཞབས་ཞུ་ལེགས་པོ་ནི་ཡུལ་སྐོར་ལས་རིགས་ཀྱི་འགན་འཁྲི་དང་པོ་ཡིན”བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ལུའུ་ཀྲི་ཅུན་གྱིས་ངོ་སྤྲོད་བྱས་པར། “ཟོལ་མེད་གསུམ”ནི་ལྷག་བསམ་ཟོལ་མེད་དང་། གཞུང་དྲང་ཟོལ་མེད། ཡིད་ཆེས་ཟོལ་མེད་བཅས་ཡིན་པ་དང་། “ཡོད་པ་གསུམ”ནི་ལངས་ཕྱོགས་ཡོད་པ་དང་། རིག་གནས་ཡོད་པ། གཟུགས་བརྙན་ཡོད་པ་བཅས་ཡིན། “གཅིག་རེ་བཞི”ནི་འཛུམ་མདངས་གཅིག་བསྟན་ནས་མགྲོན་པོ་བསུ་བ་དང་། འཚམས་འདྲིའི་ཚིག་གཅིག་གིས་མི་སེམས་ལ་སྤྲོ་སྣང་སྦྱིན་པ། ཞབས་ཞུ་ཐེངས་གཅིག་གིས་གཤིས་རྒྱུད་སྐྱོང་བ། འགྲུལ་བཞུད་གཅིག་ལས་བརྩེ་བ་ཟོལ་མེད་མཚོན་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།