ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་གྲོང་གསེབ་ཀྱི་ན་གཞོན་ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྐྱོང་བྱེད་སྒོ་བསྡུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གུང་གཞོན་ཚོགས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཏང་ཨུས་བསྡུས་པའི་གྲོང་གསེབ་དར་སྤེལ་གྱི་ན་གཞོན་བྱེད་སྒོ་དང་། གྲོང་གསེབ་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་གསོ་སྐྱོང་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བསྡུས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཅུན་མིང་བྱེད་སྒོར་ཞུགས་ཡོད། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞུས་ཕིང་ཧྲེང་གིས་གསུང་བཤད་གནང་བ་རེད། 

བྱེད་སྒོའི་ཐོག་ན་གཞོན་ནི་གྲོང་གསེབ་དར་སྤེལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆེས་ཆེ་བའི་དཀའ་ཁག་དང་ཆེས་ལྕི་བའི་ལས་འགན་ཡང་གྲོང་གསེབ་ན་ཡོད། ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་རྨང་གཞི་ཡང་གྲོང་གསེབ་ན་ཡོད། ཆེས་ཆེ་བའི་མི་མངོན་པའི་ནུས་པ་དང་ནུས་ཤུགས་ཡང་གྲོང་གསེབ་ན་ཡོད་དེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་བའི་ལས་ཀ་ལེགས་པར་བསྒྲུབ་དགོས་ན། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་སྡོད་འོས། གྲོང་སྤྱོད་བཟང་བ། བསྒྱུར་བཀོད་འབྲས་ལྡན། འཚོ་བ་འབྱོར་ལྡན་བཅས་ཀྱི་རེ་འདུན་ལྟར།   མགྱོགས་མྱུར་གྱིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་སྤེལ་བྱེད་དགོས་ལ། ཧུར་བརྩོན་གྱིས་ཞིང་སྡེའི་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་གསོ་སྐྱོང་བྱེད་སྒོར་ཞུགས་དགོས།  གྲོང་གསེབ་ན་གཞོན་གྱི་ཕྱུག་འགྱུར་བ་དང་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་དེ། འབད་བརྩོན་གྱིས་བྱ་བཞག་གསར་བ་དང་སྤྱོད་སྟངས་གསར་བ་ཞིག་ཡོད་དགོས་པ་བསྟན།

ཐེངས་འདིའི་གྲོང་གསེབ་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་གསོ་སྐྱོང་བྱེད་སྒོར་ཆེད་ཁྲིད་དང་བགྲོ་གླེང་།  ཁྲིད་སྟོན། ཡུལ་དངོས་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕན་ཚུན་སྤེལ་རེས་ཀྱི་རྣམ་པ་ཅུང་ཤུགས་ཆེ་བའི་སྒོ་ནས་སྤེལ་ཞིང་། གྲགས་ཆེ་བའི་ཆེད་མཁས་པ་དང་ན་གཞོན་ཁེ་ལས་པ་ཡིས་ཁྲིད་སྟོན་དགེ་རྒན་བྱས་ནས།  ལས་བཏོད་ཀྱི་ཁྲིམས་ལུགས་ཤེས་བྱ་ནས་ལས་བཏོད་དངོས་ལ་ཞུགས་པའི་བྱེད་ཐབས། ཕྱོགས་སོ་སོ་ནས་ན་གཞོན་ཁེ་ལས་པ་རྣམས་ཀྱི་དོགས་གཞི་ཡོད་པའི་དྲི་བར་ལན་བཏབས་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོང་གསེབ་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིས་པའི་གསོ་སྐྱོང་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་པ་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཤིན་ཏུ་དབུལ་ཕོངས་ཀྱི་དབུལ་སྒྲོལ་ཁྲོད་བདེ་ཆེན་ན་གཞོན་གྱིས་ནུས་པ་ཐོན་པ། ན་གཞོན་རྣམས་དམངས་སྤྱིའི་ལས་བཏོད་དང་དམངས་སྤྱིའི་གསར་གཏོད་ཀྱི་བྱ་བཞག་ཁྲོད་ཞུགས་པར་སྐུལ་མ་བཏང་ནས། ན་གཞོན་རྣམས་ལ་ལས་བཏོད་དང་ལས་ཞུགས་སོགས་ཀྱིས་བཟོས་པའི་དཀའ་ཁག་སེལ་རོགས་བྱེད་པ། ཁོ་ཚོའི་ལས་བཏོད་ཀྱི་ཆུ་ཚད་གོང་འཕེལ་གཏོང་བ་དང་། རྒྱ་ཆེ་བའི་ན་གཞོན་ལས་བཏོད་པ་རྣམས་ལ་ཁ་ཕྱོགས་ནས་ལས་བཏོད་ཀྱི་ཟུར་ཁྲིད་དང་ལས་རིགས་ཕན་ཚུན་འབྲེལ་འགྲོས། ལས་བཏོད་ཀྱི་ཐོན་ཁུངས་འབྲེལ་མཐུད་སོགས་ཀྱི་ཞབས་ཞུ་ཁོ་འདོན་བྱེད་རྒྱུ་དེ་ཡིན། །  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།