ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་ཡུན་ནན་ཞིང་ཆེན་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་གསར་གཏོད་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་གསལ་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སོགས་གྲོང་ཁྱེར་(རྫོང་)14རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་ནང་ཚུད་པ་རེད།

ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་གཏོད་ལས་ཀས་སྣེ་ཁྲིད་བྱས་པ་དང་།   གྲོང་དྲུག་མཉམ་སྐྲུན་བྱེད་སྒོ་ལ་བརྟེན་ནས། རྒྱུན་མི་ཆད་པར་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། གྲོང་ཁྱེར་གྱི་རྣམ་པ་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། གྲོང་མིའི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མངོན་གསལ་དུ་མཐོ་རུ་ཕྱིན་པ།  མི་དམངས་ཀྱི་ཐོབ་སེམས་དང་སྐྱིད་སྣང་།  བདེ་འཇགས་ཀྱི་ཉམས་སྣང་མངོན་གསལ་དུ་མཐོ་རུ་ཕྱིན་པ།

རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་ནི་གྲོང་ཁྱེར་ཞིག་གི་ཕྱོགས་བསྡུས་དངོས་ཤུགས་དང་གྲོང་ཁྱེར་ཞིག་གི་རྣམ་པའི་ཕྱོགས་ཡོངས་ཀྱིས་མངོན་མཚོན་ཡིན་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐེངས་འདིའི་སྐུལ་སྤེལ་ཚོགས་འདུ་གོ་སྐབས་སུ་བྱས་ནས། གཏིང་ཟབ་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དགོངས་དོན་དཔལ་ཡོན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད། ལས་ཀ་གསར་གཏོད་ཀྱི་དམངས་ཕན་འདུ་ཤེས་འབུར་དུ་ཐོན་པ། ནན་ཏན་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་པའི་རྨང་གཞི་སྒྲིག་ཆས་དང་ནུས་པ་འཐུས་ཚང་དུ་གཏོང་བ། བསམ་བློ་དང་ཀུན་སྤྱོད་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་ཡོན་གྲོང་ཁྱེར་གསར་གཏོད་བྱེད་རིམ་དེ་གྲོང་ཁྱེར་དཔལ་ཡོན་ཆུ་ཚད་དང་གྲོང་མི་དཔལ་ཡོན་བྱང་ཚད་མཐོ་རུ་གཏོང་བའི་བྱེད་རིམ་དུ་གྱུར་ཏེ། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་འབད་བརྩོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།