ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོར་གཏོང་དང་ཚད་ལོན་རིམ་སྤོར་གྱི་ཐད་རྨང་གཞི་བཏིངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོར་གཏོང་དང་ཚད་ལོན་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞི་》ཁྱབ་བསྒྲགས་བྱས་པའི་ནང་། 2020ལོར་སླེབས་སྐབས་རྫོང་དང་། གྲོང་ཁྱེར། ཆུས་བཅས་སུ90%ལ་《རྫོང་རིམ་པའི་སྨན་བཅོས་ཞབས་ཞུའི་ནུས་པ་ལྡན་པའི་གཞི་རྩའི་ཚད་གཞིའི་》བླང་བྱ་དང་འཚམ་པའི་གཞུང་བཙུགས་སྨན་ཁང་རེ་དང་། རྫོང་ཁོངས་ནང་སྨན་བཅོས་ཐུབ་ཚད90%ཟིན་ནས་ནད་ཆེན་རྫོང་ནང་བཅོས་ཐུབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ། རྫོང་དབུལ་པོའི་དབུལ་ཞྭ་འབུད་སྐབས་མ་མཐའ་ཡང་གཞུང་བཙུགས་སྨན་ཁང་རེ་རིམ་པ་གཉིས་པའི་སྨན་ཁང་གི་ཚད་གཞིར་སླེབས་པའི་འགན་ལེན་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཡུན་ནན་ཞིང་ཆེན་གྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དང་དེ་བཞིན་བུད་མེད་དང་བྱིས་པའི་སྨན་ཁང་གི་དབུལ་སྐྱོར་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་བཏང་ནས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོར་གཏོང་དང་ཚད་ལོན་རིམ་སྤོར་ཐད་རྨང་གཞི་འདིང་རྒྱུ་རེད། ནད་རྟགས་སྨན་བཅོས་ཚན་ཁག་འཐུས་སྒོ་ཚང་དུ་བཏང་སྟེ་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་བཅོས་ཚན་ཁག་འཛུགས་པ་དང་ཀྲོའུ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཀྱིས་རིམ་པ་མང་པོའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་བཅོས་ཚན་ཁག་འཛུགས་རྒྱུར་བསྔགས་སྐུལ་བྱས་ཏེ་ཆེད་བཅོས་ཚན་ཁག་གི་ནད་གཞི་བཅོས་ནུས་ཆེ་རུ་ནུས་ལྡན་གཏོང་རྒྱུ། རིམ་པ་གསུམ་པའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ནད་སྡོད་སྨན་པ་དཀའ་བཅུ་པར་ཚད་ལྡན་གསོ་སྦྱོང་དང་རྐང་འཛིན་སྨན་པ་དཀའ་བཅུ་པར་གསོ་སྦྱོང་སོགས་སློབ་གསོ་གསོ་སྦྱོང་བྱ་རྒྱུ་དེ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་ཕྱོགས་པ་བརྒྱུད་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་སྨན་པ་དཀའ་བཅུ་པའི་སྤྱིའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད།

《འཆར་གཞིའི》ནང་རིམ་པ་གསུམ་པའི་སྨན་ཁང་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གིས་ལག་རྩལ་དང་། ཤེས་ལྡན་མི་སྣ། དོ་དམ། ཁེ་ཕན་བཅས་འབྲེལ་ཐག་ཏུ་བྱེད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་སྐྱེལ་ལ་སྐུལ་འདེད་གཏོང་བ་དང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ་དང་། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་འདུས་གྲུབ། ཆེད་བཅོས་ཚན་ཁག་མནའ་འབྲེལ། རྒྱང་རིང་སྨན་བཅོས་མཉམ་སྒྲུབ་དྲ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་སྨན་བཅོས་སྒྲིག་གཞིས་མི་སྣ་བཀོད་སྒྲིག་ལ་སྤྱི་འདོམས་དང་། གླ་ཕོགས་བགོ་བཤའ། ཐོན་ཁུངས་མཉམ་སྤྱོད་སོགས་ལ་བསྔགས་སྐུལ་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གོང་འོག་འབྲེལ་མཐུད་ཐུབ་པའི་ཐབས་ལམ་དང་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས་ལུགས་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།