ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

137141794_15248207895561n.jpg

ཟླ4པའི་ཚེས26ཉིན་ཡུན་ནན་ཞིང་ཆེན་གྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན་ཡུན་ནན་ཞིང་ཆེན་གྱིས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་ཤིང་། སྤྲོ་སེམས་འཁོལ་བའི་ངང་“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུས་ལ་སྔོན་ཐོན་ངལ་རྩོལ་དཔེ་བཟང་ཅན་ལ་གཟེངས་བསྟོད་བྱས། ཚོགས་འདུའི་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་དགུའི་ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་རུས་བཅས་དར་སྤེལ་དང་། རང་རྒྱལ་བཟོ་བ་གྲལ་རིམ་གྱི་ཀུན་སྤྱོད་རླབས་པོ་ཆེ་དར་སྤེལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་འདེད་བཏང་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུད་ཐག་ཆོད་པ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བགྲོད་པར་རྒྱལ་ཁ་ལེན་པ། མཆོང་སྐྱོད་འཕེལ་རྒྱས་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་མངོན་འགྱུར་བྱས།

ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཞིག་ལིན་གཟེངས་བསྟོད་ཚོགས་ཆེན་དུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་སྟེང་གཟེངས་བསྟོད་ཐག་གཅོད་སྒྲོག་འདོན་བྱས། ཚོགས་ཞུགས་འགོ་ཁྲིད་གྱིས་ཞིང་ཆེན་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་བྱ་དགའ་དང་། བཟོ་པའི་གདོང་ལེན་རྟགས་ཅན། ལས་བཟོ་པའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ལག་རྩལ་མཁས་པ། ལྔ་གཅིག་བུད་མེད་ཀྱི་མིག་དཔེ་འཐུས་མི་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་བ་རེད།  གཟེངས་བསྟོད་ཐོབ་མཁན་འཐུས་མིས་སྤེལ་རེས་གཏམ་བཤད་གནང་། ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་དང་ཡུན་ནན་ཞིང་ཆེན་གྱི་ཧྲེན་ཀྲང་རོན་ཁྲེང་ཧྥ་བཅས་ཀྱི་མངག་བཅོལ་ལྟར། ལིས་ཞིག་ལིན་གྱིས་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར“ལྔ་གཅིག”དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། 

ལིས་ཞིག་ལིན་གྱི་ནན་གྱིས་བསྟན་དོན། རིམ་པ་ཁག་གི་ཏང་ཨུས་བཟོ་ཚོགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་གི་བཟོ་ཚོགས་ཀྱིས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་ཡིད་དབང་འཕྲོག་ནུས་དང་གོང་བུར་འགྲིལ་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་ནས་བཟོ་ཚོགས་མིང་དོན་གཉིས་མཚུངས་ཀྱི་“ལས་བཟོ་པའི་ཁྱིམ་ཚང”དུ་གྱུར་བ་དང་། བཟོ་ཚོགས་དེ་ལས་བྱེད་ལས་བཟོ་པའི“ཁྱིམ་མི”ཞིག་ཏུ་འགྱུར་བ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།