ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཧའོ་བདེ་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ1པོའི་ཚེས28ཉིན།ཞིང་ཨུའི་ཧྲུའུ་ཅི།ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཧའོ་བདེ་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན།ཞིང་ཨུའི་ཧྲུའུ་ཅི།ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཧའོ་བདེ་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།ཁྲེན་ཧའོ་ཡིས་ནན་བཤད་གནང་དོན།ཞི་ཅིན་ཕིང་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བསམ་བློར་དྲག་ཆས་སྤྲས་པ་དང་གོ་སྐབས་གསར་པ་དམ་འཛིན་བྱེད་པ།ལས་ཀ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ།སྟབས་ཤུགས་གཅིག་བསྡུས་བྱས་ནས།མི་རིགས་ཀྱི་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་དང་།མཐའ་མཚམས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས།

ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་དྲུང་ཡིག་ཆེན་མོ་ལིའུ་ཧུའེ་ཡན།ཞིང་ཆེན་རིམ་པའི་འགོ་ཁྲིད་ཝང་ཧྲུའུ་ཧྥུན།ལི་ཉིང་སོགས་གྲོས་ཞིབ་ཏུ་ཞུགས་ཡོད།

བདེ་ཆེན་འཐུས་མི་ཚོགས་པའི་ཐུའོ་ཀྲུང་ཀུའུ་ཁུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ། ཀུའུ་ཁུན་གྱིས་རང་ཁུལ་འཐུས་མི་ཚོགས་པས་སྲིད་གཞུང་ལས་ཀའི་སྙན་ཞུ་སོགས་གྲོས་ཞིབ་བྱེད་པའི་གནས་ཚུལ་དང་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་ཀ་ཁག་སྒྲུབ་པའི་གནས་ཚུལ་སྙན་སེང་ཞུས་བ། ཆི་ཅན་ཞིན་གྱིས་རང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ལ་ཁ་གསབ་སྙན་སེང་ཞུས་བ།

ཁྲེན་ཧའོ་ཡིས་ནན་བཤད་གནང་དོན།བདེ་ཆེན་ཁུལ་གྱིས་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།མི་རིགས་ཀྱི་མཐུན་སྒྲིལ་ཡར་རྒྱས་བརྟན་པོ་དང་འཕེལ་རྒྱས་གཏོང་དགོས།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།