ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཁུན་མིང་དུ་གྲོལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1517368047815628.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་གྲོས་དོན་ཡོངས་རྫོགས་ལེགས་འགྲུབ་བྱུང་རྗེས་ཁུན་མིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། 

གསར་དུ་བདམས་ཐོན་བྱུང་བའི་སྲིད་གྲོས་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ནི་ཀྲུའུ་ཞི་ལི་ཅང་དང་།   ཀྲུའུ་ཞི་གཞོན་པ་དབྱང་ཅ་ཝུའུ།  ཧོང་དབྱི།  ཀའོ་ཧྥེང་།  ཡུས་ཏིང་ཁྲེང་།  ལི་ཀྲེང་དབྱང་།  ཁྲེན་ཡུས་ཧོའུ།  ཞུས་པིན།  ཧོ་པོ།   ཀྲུང་ཡིག་ཆེན་མོ་ལིའུ་ཅན་ཧྭ་བཅས་ཡིན་པ་རེད།

ཀྲུང་གུང་ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།   ཞིང་ཆེན་གྱི་འགོ་འཛིན་རོན་ཁྲེང་ཧྥ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞུའེ་རེན།   ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྲུའུ་ཞི་ལུའོ་ཀྲེང་ཧྥུ།  རྒྱལ་ཡོངས་དམངས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་རུང་ཁའེ་སོགས་གདན་ཞུས་ལྟར་ཚོགས་འདུར་ཞུགས།

གྲོས་ཚོགས་ཐོག་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་།   སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་འདྲི་དཔྱོད་ཨུ་ལྷན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་འདྲི་དཔྱོད་གནས་ཚུལ་སྐོར་གྱི་སྙན་ཞུ།   སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་བཅས་གྲོས་འཆམ་བྱུང་།

151730348397201.jpg

ཁྲེན་ཧའོ་ཡིས་གསུང་བཤད་ཀྱི་ཁྲོད་དུ་ཀྲུང་གུང་ཡུན་ནན་ཞིང་ཨུའི་ཚབ་བྱས་ནས་ཚོགས་ཆེན་བདེ་བླག་ངང་གྲུབ་པ་དང་གསར་དུ་བདམས་ཐོན་བྱུང་བའི་སྲིད་གྲོས་ཀྱི་འགོ་ཁྲིད་ཚོགས་པ་ལ་རྟེན་འབྲེལ་ཞུ་བ་དང་།   སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་བྱས་རྗེས་ལ་བཀའ་དྲིན་ཞུ།   ཁོང་གིས་བསྟན་དོན།   ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གོ་གནས་གཏན་འཁེལ་བྱས་པ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གཏན་ངེས་བྱས་པ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་པའི་བརྗིད་ཉམས་ཆེ་བའི་དཔེ་རིས་བཀོད་པ།    ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཕུགས་མདུན་གྱི་ཡུན་ནན་ལེ་ཚན་ལེགས་པོར་འབྲི་དགོས་པའི་འབད་འཐབ་དམིགས་འབེན་འདོན་ཏེ་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་བཅས་བརྗོད་བྱའི་གཙོ་བོ་གཉིས་དམ་པོར་འཛིན་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་མཐུས་ཚང་དུ་གཏོང་བ།   རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཡག་པོར་བྱེད་པ།   དམིགས་འབེན་ཆེན་པོར་དམིགས་པ་དང་མཉམ་འབྲེལ་ཆེན་པོ་འཛུགས་པ།  མཐུན་སྒྲིལ་ཆེན་པོ་སྐུལ་སྤེལ་གཏོང་སྟེ་ཀུན་སེམས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་སྐུལ་འདེད་ཀྱི་གསོད་ཉམས་ལྡན་པའི་རྣམ་པ་ཆགས་དགོས།

ཁྲེན་ཧའོ་ཡིས་སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་འདུ་ཤེས་བཞི་སྲ་བརྟན་གྱིས་འཛུགས་པ་དང་།ཡིད་ཆེས་བཞི་བརྟན་པོར་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས།ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐད་བློ་གཅིག་སེམས་གཅིག་དང་དམིགས་ཡུལ་ཐད་ཞེ་མཐུན་ཕྱོགས་མཚུངས།བྱ་སྤྱོད་ཐད་བློ་ཁ་གཅིག་མཐུན་བཅས་བྱས་ནས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།འབད་འཐབ་དམིགས་འབེན་གསལ་པོར་ཤེས་པ་བྱ་དགོས་པ་དང་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་དོན་ལ་དམིགས་པ།རང་འགུལ་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཞབས་ཞུ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས།ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་རིགས་ཁག་གིས་ལག་གདང་སྦྲེལ་ཏེ་ཡུན་ནན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་སྐུལ་ཁྲིད་བྱེད་དགོས་པ་དང་།བསྒྱུར་བཅོས་ཀྱི་བསམ་གཞིགས་དང་གསར་གཏོད་ཀྱི་འདུ་ཤེས།དངོས་དོན་སྒྲུབ་པའི་བྱེད་ཐབས་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཟམ་མི་ཆད་པར་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་དང་ཆུ་ཚད་མཐོ་རུ་བཏང་ནས།དུས་རབས་གསར་པའི་ལས་འགན་གསར་པ་འགན་ཁུར་ནས་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས་པའི་བླང་བྱ་བཏོན།

151730352784391.jpg

གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་ཅང་གིས་མཇུག་འགྲིལ་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།

ལི་ཅང་གིས་མཇུག་སྒྲིལ་མཛད་སྒོའི་གསུང་བཤད་གནང་།ཁོང་གིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཨུ་ཡོན་ཡོངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་བ།མོས་འགན་འཁྲི་ཆེན་མོ་མི་སྐྱུར་བ་དང་།མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ།ཞིང་ཆེན་སྲིད་གྲོས་སྐབས་རིམ་བྱུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།ཨུ་ཡོན་ཡོངས་ལ་རྒྱབ་བརྟེན་དང་།ཐུན་མོང་གི་བློ་རིག་འདོན་སྤེལ་གང་ལེགས་བྱས་པ།འགན་འཁྲི་ཁུར་ཕོད་པ།གྲོས་མོལ་སྲིད་གླེང་ཁྲོད་ཁྱོན་ཡོངས་ལ་ཞབས་ཞུ་དང་།རྒྱུན་འཛིན་དང་གསར་གཏོད་ཁྲོད་གསོན་ཤུགས་ཆེར་གཏོང་བྱེད་པ།འགན་སྒྲུབ་གསར་གཏོད་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ་ནས་རང་ཞིང་གི་སྲིད་གྲོས་ཀྱི་བྱ་གཞག་ཟམ་མི་ཆད་པར་མདུན་དུ་སྐྱོད་པར་སྐུལ་སྤེལ་གཏོང་རྒྱུ་ཞེས་བསྟན་པ་རེད།

ལི་ཅང་གིས་དུས་རབས་གསར་པར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་་ཡོད་དགོས།ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་དང་། “ འདུ་ཤེས་བཞི་” བརྟན་པོ་འཛུགས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་ནན་ཏན་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལྟ་བས་སྲིད་གྲོས་ཀྱི་ལས་དོན་སྣེ་ཁྲིད་བྱེད་དགོས། སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཁྱོན་ཡོངས་འཕེལ་རྒྱས་དམིགས་སུ་བཟུང་ནས།ཡུན་ནན་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་དམིགས་ཏེ་ཇུས་དང་ནུས་ཤུགས་འདོན་རྒྱུ་དེ་འགན་ནུས་སྒྲུབ་པའི་གཙོ་རྐང་དུ་བྱེད་དགོས།དམངས་གཙོའི་མཐུན་སྒྲིལ་ལ་དམིགས་ནས།མཐུན་སྒྲིལ་ལ་ཤུགས་སྣོན་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་བརྗོད་བྱ་གཙོ་བོར་བྱེད་དགོས། གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་བཏང་ནས། གྲོས་མོལ་དམངས་གཙོ་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དེ་གཞི་རྩའི་བརྩི་སྲུང་དུ་བྱེད་དགོས། ཨུ་ཡོན་གྱི་བྱང་ཚད་མཐོ་རུ་བཏང་ནས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་ནུས་ལག་བསྟར་བྱེད་པའི་འགན་སྲུང་གལ་ཆེན་དང་།ཀྲུང་གོའི་ཕུགས་འདུན་ཡུན་ནན་གྱི་ལེའུ་གསར་པ་རྩོམ་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།                 

གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་མཁན་ལ་ད་དུང་ཀྲའོ་ཅིན་དང་།ཙུང་གོ་དབྱིན།ཁྲེང་ལེན་ཡོན།ལི་ཞའོ་སན།ལིའུ་ཧུའེ་ཡན།ཀྲང་ཐའེ་ཡོན།དབྱང་ཉིང་།ལི་ཝུན་རུང་།ཡུས་ཁུན།ལི་ཧན་པའེ།ཀྲང་པའེ་རུའུ།ཧོ་ཏོན་ཆི།དབྱང་པའོ་ཅན།ལི་ཕེ།ཏའོ་ལིན་དབྱིན།ཝང་ཧྲུའུ་ཧྥུན།ཀྲའོ་ལི་ཞུང་།ཝང་ཞན་ཀང་།ཏུང་ཧྭ།ཁྲེན་ཧྲུན།ཀྲང་གོ་ཧྭ།ཀའོ་ཧྲུའུ་ཞུན།པའེ་ཁྲེང་ལིའང་། མཱ་ཁའེ་ཞན།ལུའོ་ལི་ཧུའེ།ཉི་ཧུའེ་ཧྥང་།ཏིང་ཧྲུའོ་ཞང་།ཝང་ཁྲེང་ཚའེ།ཧོའུ་ཅན་ཅུན།ལི་ཉིང་།ལུའི་མེ་ཀྲང་སོགས་ཡོད་པ་རེད།

མཇུག་སྒྲིལ་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་འགྲིལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།