ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆུ་བོ་གཙང་སྒྲིག་བྱེད་པའི་བྱེད་སྒོར་གྲུབ་འབྲས་མངོན་གསལ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆུ་དོན་དང་ཆུ་དཔོན་གྱི་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་སྒྲིག་འཛུགས་བྱས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་གྲོང་ཁྱེར་མཐའ་སྐོར་གྱི་ཆུ་བོ་དང་མཚེའུ་སོགས་སུ་སླེབས་ཏེ། གྲོང་ཁྱེར་རིམ་པ་དང་ཤང་གྲོང་རིམ་པ། གྲོང་སྡེ་རིམ་པས་ཆུ་དཔོན་ལམ་ལུགས་ཀྱི་ལས་འགན་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་ཆུ་བོ་གཙང་སྒྲིག་བྱེད་པའི་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་འཇུག་བརྟག་དཔྱད་བྱེད་པ་རེད།

ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་གིས་སྔར་རྗེས་སུ་འོ་མ་མཚོ་དང་ནགས་ཕག་མཚོ་སོགས་ཀྱི་ཡུལ་དངོས་སུ་སྐོར་ཞིབ་བྱས་ནས། ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆུ་བོ་གཙང་སྒྲིག་བྱེད་པའི་དུས་སྐབས་སྔོན་མའི་ལས་ཀ་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྷག་པར་དུ་ནགས་ཕག་མཚོ་སོགས་ས་གནས་ཀྱི་ཆུ་བོའི་སྦགས་བཙོག་གཙང་སྒྲིག་བྱེད་པ་དང་སྐྱེ་ཁམས་ལྗང་འགྱུར་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད།

ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་གིས་ནན་བཤད་གནང་དོན། ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཏོན་པའི་ལས་ཀའི་བླང་བྱ་ཡིན་པ་དང་། རིམ་པ་ཁག་གི་སྲིད་འཛིན་སྡེ་ཁག་གིས་མང་ཚོགས་ལ་འགན་འཁུར་གནང་བའི་མཚོན་རྟགས་ཤིག་ཡང་ཡིན། རིམ་པ་ཁག་གི་ཆུ་དོན་སྡེ་ཁག་གིས་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་བླང་བྱ་ལ་གཞིགས་ནས།ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་ཕུགས་ཕན་ལམ་ལུགས་འཛུགས་དགོས་པ་དང་། གཅིག་ནས་གྲོང་གསེབ་གསར་པའི་འཛུགས་སྐྲུན་དང་བསྟུན་ནས་དྲིལ་བསྒྲགས་ཡག་པོ་བྱེད་དགོས། གཉིས་ནས་རྒྱུན་མཐུད་ཀྱིས་ཆུ་བོ་དང་མཚེའུ་སོ་སོའི་ལམ་རྒྱུད་དུ་གཙང་སྦྲ་ཡག་པོ་བྱེད་དགོས། གསུམ་ནས་སྔར་ལས་ལྷག་པར་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་འབྲེལ་བ་ཡོད་པའི་འགན་ནུས་ལས་ཁུངས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་ཆུ་བོ་གཙང་སྒྲིག་ཡག་པོ་བྱས་ནས། ལས་ཀ་ཁག་ལེགས་གྲུབ་བྱུང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།