ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གླུ་གཞས་འགྲན་སྡུར་སྤེལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1508227834899657.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས15ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྒྱལ་ཁའི་ངང་འཚོག་ཆེད། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་གཙོ་གཉེར་བྱས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུའུ་ཡིས་སྒྲུབ་འགན་འཁུར་བའི“སྲོག་ཤིང་ལ་བརྩི་བཀུར་དང་། བློ་ཁ་པེ་ཅིན་ལ་ཕྱོགས་པ། བསྟོད་གླུ་ཏང་ལ་འབུལ་བ”ཞེས་པ་བརྗོད་གཞི་ཡིན་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་གླུ་གཞས་འགྲན་སྡུར་གྱི་འགོ་བརྩམས།

གྲོང་ཁྱེར་ཡོངས་ཀྱི་ལས་རིགས་མི་འདྲ་བ་ནས་ཡོང་བའི་འཐུས་མི་རུ་ཁག9ཐེངས་འདིའི་གླུ་གཞས་འགྲན་སྡུར་ལ་ཞུགས། འགྲན་བསྡུར་ལ་ཞུགས་མཁན་གྱི་རུ་ཁག་དག་གིས་གླུ་གཞས་བླངས་བར་བརྟེན་ནས་ཏང་ལ་དགའ་ཞེན་དང་། རྒྱལ་གཅེས།  ཁྱིམ་ལ་དགའ་བའི་བརྩེ་སེམས་མངོན། མཇུག་མཐར། ལས་བྱེད་པ་རྒན་པའི་འཐུས་མི་རུ་ཁག་ལ་ཐེངས་འདིའི་གླུ་གཞས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

གླུ་གཞས་འགྲན་སྡུར་སྤེལ་བ་བརྒྱུད་དེ། ཏང་གི་འོད་སྟོང་འཕྲོ་བའི་མཛད་རྗེས་དང་རྒྱལ་ཁབ་ཀྱི་ཉིན་རེ་བཞིན་རྣམ་པ་གསར་པར་བསྟོད་གླུ་བླངས་བ་དང་།  དུས་སྐབས་གསར་པའི་ནང་རྒྱ་ཆེའི་མང་ཚོགས་རྣམས་ཡར་ངོའི་ཟླ་བཞིན་ཡར་རྒྱས་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་མཚོན་པ། དེ་དང་ཆབས་ཅིག་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་དང་འཕེལ་རྒྱས་ཀྱི་འབྱུང་འགྱུར་གནས་ཚུལ་སྔར་ལས་མཐོ་བའི་རེ་བ་སྐུལ་སྤེལ་བྱས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དང་། སྙིང་སྟོབས་ཆེར་སྐྱེད། དམ་པ་དོན་གཉེར་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུ་དེ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།